མཛེས་པའི་བྱང་ཐང་དུ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་བྱུང་། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས18པ་འཆར་ལ་ཉེ་བའི་མཚམས་སུ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་རྣམ་པ་སྣ་ཚོགས་དང་ཁྱབ་རྒྱ་ཆེ་བའི་དྲན་གསོའི་བྱེད་སྒོ་སྤེལ་ནས་རླབས་ཆེའི་འཕོ་འགྱུར་ལ་ཕྱིར་དྲན་ཟབ་མོ་དང་བདེ་སྐྱིད་ལྡན་པའི་དུས་རབས་གསར་པར་བསྔགས་བརྗོད་བྱས་ཏེ་རྒྱལ་གཅེས་ཀྱི་བརྩེ་བ་དང་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པ་བྱང་ཐང་དུ་རབ་ཏུ་མངོན་པར་བྱས་ཡོད།
ཟླ3པའི་ཚེས28ཉིན་གྱི་ཞོགས་པར། གསེར་རྙེད་ཆུས་ཀྱིས་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། གཟི་རྔམ་ལྡན་པའི་རྒྱལ་གླུ་དང་བསྟུན་ནས་སྐར་ལྔའི་དར་དམར་ཉི་གཞོན་ཁྲོད་དལ་བུར་བསྒྲེངས།
“གསར་བརྗེའི་གླུ་གཞས་བཏང་ནས་བཅོས་སྒྱུར་ལ་བསྔགས། བཀའ་དྲིན་ཚོར་ཞིང་འབད་འབུངས་ཡར་བརྩོན་བྱེད”ཅེས་པའི་བྱེད་སྒོའི་ཁྲོད་མི་རིགས་ཁག་གི་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ《གླུ་ཞིག་བླངས་ནས་ཏང་ལ་འབུལ》དང《པེ་ཅིང་གི་གསེར་གྱི་རི་ལ》སོགས་ཀྱི་འགྱུར་ཁུག་ལ་བརྟེན་ནས་ཏང་ལ་དགའ་ཞེན་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས།
ཀོ་ལུག་གྲོང་རྡལ་དང་། གསེར་གཞོང་ཞང་། ལྷོ་མ་གྲོང་རྡལ་སོགས་སུ་སྲིད་ཇུས་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། དང་བླངས་ཞབས་ཞུ་བཅས་མཉམ་འདྲེས་བྱས་ཏེ། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་ཀྱི་བརྗོད་དོན་གཙོ་བོ་མི་སེར་ཕལ་པའི་ཁྱིམ་དུ་ཁྱབ་པར་བྱས།
སློབ་གྲྭ་འབྲིང་ཆུང་ཁག་གིས་ཀྱང་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་སེམས་ལ་ཀྲུང་ཧྭ་ལ་དགའ་ཞིང་གཅེས་པའི་ས་བོན་བཏབ་པ་སོགས། བརྗོད་དོན་གཙོ་བོ་མངོན་གསལ་དོད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གསེར་རྙེད་ཆུས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་མི་རིགས་ཁག་གི་བུ་ཕྲུག་གི་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པ་དང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
ནག་ཆུ་གྲོང་རྡལ་གསེར་རྙེད་ཆུས་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཏེ། བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ67འཁོར་བར་དྲན་གསོ་ཞུ་བཞིན་པ།
གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ལྗོངས་ནང་ཁུལ་དུ་སྐོར་འཁྲབ་ཀྱི་བྱེད་སྒོ་ནག་ཆུར་འགོ་བཙུགས་པ།
གསེར་རྙེད་ཆུས་ཀྱིས་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ67འཁོར་བར་དྲན་གསོ་ཞུ་བ་དང“གསར་བརྗེའི་གླུ་གཞས་བཏང་ནས་བཅོས་སྒྱུར་ལ་བསྟོད་བསྔགས་བྱེད། བཀའ་དྲིན་ཚོར་ཞིང་འབད་འབུངས་ཡར་བརྩོན་བྱེད”ཅེས་པའི་འགྲན་བསྡུར་གཉེར་བཞིན་པ།
ནག་ཆུ་གྲོང་ཁྱེར་གྱིས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ལོ་ངོ67འཁོར་བར་དྲན་གསོ་ཞུ་བ་དང་དམག་དམངས་མཉམ་འདྲེས་ཀྱི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་འཚོགས་བཞིན་པ།
གསེར་རྙེད་ཆུས་ཀོ་ལུག་གྲོང་རྡལ་གྱིས་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ67འཁོར་བ་དང“དགོངས་པ་སློབ་སྦྱོང་དང་། བྱ་བ་དངོས་སྒྲུབ་པ། འགྱུར་ལྡོག་གླེང་བ”བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་རྩལ་མཉམ་འཁྲབ་བྱེད་བཞིན་པ།
གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་གིས་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ67འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
གསེར་རྙེད་ཆུས་སློབ་འབྲིང་གཉིས་པས་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ67འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་བྱེད་སྒོ་སྤེལ་བ་དང་བྱེད་སྒོ་མཇུག་འགྲིལ་རྗེས་བྱ་དགའ་ཐོབ་པའི་འཛིན་གྲྭའི་མཉམ་པར།
རྩོམ་སྒྲིག་པ། དཔལ་གཡང་།