ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་ཀྲ་ཨེར་ཏ་ལིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

སྤེལ་དུས 2024-03-12 ཡོང་ཁུངས། རྩོམ་པ་པོ།
           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཤིས་ཧྥུའུ་·ཀྲ་ཨེར་ཏ་ལིར་གློག་འཕྲིན་བཏང་གནང་ནས་ཁོང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
           ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་ཀྲུང་ཕའི་འབྲེལ་བའི་འཐབ་ཇུས་དོན་སྙིང་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ངས་ཀྲུང་ཕའི་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཙུང་ཐུང་ཀྲ་ཨེར་ཏ་ལི་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཀྲུང་ཕའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་ཕའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བར་དེ་བས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་དེ་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

རྩོམ་སྒྲིག་པ། རིག་གྲོལ།