ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་དང་འབྲེལ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་པ།

སྤེལ་དུས 2024-03-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་སྒྲུབ་ཁང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་དང་། ཐའེ་ཝན་མནའ་འབྲེལ་ཀྲུང་དབྱང་། རྒྱལ་ཡོངས་ཐའེ་ཝན་མཉམ་འབྲེལ་བཅས་དང་མཉམ་དུ་ཉེ་སྔོན་པེ་ཅིན་དུ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ3པའི་ཚེས6ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་ལ་འཚམ་འདྲི་གནང་སྐབས་སུ་ཐའེ་ཝན་བྱ་བར་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱས། ཚོགས་འདུས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཐའེ་ཝན་བྱ་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ང་ཚོས་ནན་ཏན་སྒོས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ཐབས་ཇུས་ལག་བསྟར་རྒྱུན་འཁྱོངས་བྱེད་པ་དང་། འགྲམ་ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆར་དམ་འཛིན་ལེགས་པོ་བྱས་ཏེ། ཧུར་ཐག་གིས་ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་ལ་མཐུན་སྒྲིལ་དང་གླིང་ཕྲན་ཕྱི་ནང་གི་མཐུན་སྒྲིལ་བྱས་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱས་ཏེ། མུ་མཐུད་དུ་སྒེར་ཚུགས་ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་སྤེལ་གཏོང་བའི་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།
            ཚོགས་འདུས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཐོང་རྒྱ་ཆེ་ཞིང་ནང་དོན་ཟབ་ལ་ཕུན་སུམ་ཚོགས་པ་དང་། གནས་བབ་གསར་བའི་འོག་གི་ཐའེ་ཝན་བྱ་བའི་གཞི་རྩའི་ལས་འགན་དང་བྱ་བའི་གཙོ་གནད། སྲིད་ཇུས་བྱེད་ཐབས་གསལ་བརྗོད་བྱས་ལ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་འདུས་པའི་འབྲེལ་ཡོད་ཏག་ཁག་དང་མང་ཚོགས་ཚོགས་པས་ཐའེ་ཝན་བྱ་བའི་ཁྱོན་ཡོངས་ཁྲོད་ཀྱི་ལོ་རྒྱུས་གོ་གནས་དང་འགན་འཁྲི་ཁག་ཁུར་གསལ་བོར་བསྟན་ཡོད་པས། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་ཁྲིད་རང་བཞིན་དང་ཁ་གཏད་རང་བཞིན་ཆེན་པོ་ལྡན་ལ། ཐའེ་ཝན་བྱ་བར་གཞུང་ལུགས་ཀྱི་སྣེ་ཁྲིད་དང་ལག་ལེན་མཛུབ་ཁྲིད་གལ་ཆེན་འདོན་སྤྲོད་བྱས་ཡོད་པར་བརྟེན། དེ་ནི་ཐའེ་ཝན་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། ཐའེ་ཝན་བྱ་བའི་མ་ལག་དང་འབྲེལ་ཡོད་ཏང་ཁག མང་ཚོགས་ཚོགས་པས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་དང་མེས་རྒྱལ་གཅིག་གྱུར་གྱི་འགན་འཁྲི་དང་དུ་བླངས་ནས། འབད་འབུངས་ཡར་བརྩོན་གྱིས་སྔར་ལས་ཆུ་ཚད་མཐོ་བའི་བྱ་བའི་གྲུབ་འབྲས་དང་འགན་སྒྲུབ་ཕན་འབྲས་ཀྱིས་མེས་རྒྱལ་གཅིག་གྱུར་སྔ་མོ་ནས་མངོན་འགྱུར་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

རྩོམ་སྒྲིག་པ། རིག་གྲོལ།