ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

《ཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གནད་བསྡུས》ཞེས་པ་དཔར་སྐྲུན་འགྲེམས་སྤེལ་བྱས།

སྤེལ་དུས 2025-09-23 ཡོང་ཁུངས། གངས་ལྗོངས་མེ་ལོང་། རྩོམ་པ་པོ།

            ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའིཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གནད་བསྡུསཞེས་པའི་དེབ་དེ། ཉེ་ཆར་ཀྲུང་དབྱང་ཡིག་ཚགས་དཔར་སྐྲུན་ཁང་གིས་དཔར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

            དམངས་སྲིད་བྱ་བ་དེ་དམངས་ཚིས་དང་དམངས་སེམས་ལ་འབྲེལ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཏང་གི་དམངས་སྲིད་བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོར་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། མི་དམངས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་པ། ཆེས་མངོན་སུམ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་བཅད་དེ། དམངས་སྲིད་བྱ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། བློ་མཐུན་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཞིང་།  དེའི་དགོངས་པ་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་ལ། དམངས་སྲིད་བྱ་བའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་གསལ་བཤད་གཏིང་ཟབ་མཛད་དེ། དུས་རབས་གསར་པ་དང་འཐབ་ལམ་གསར་པར་དམངས་སྲིད་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཞིང་། དེ་དམངས་སྲིད་བྱ་བའི་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་མི་གྲངས་རྒས་འགྱུར་ཅན་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ།  ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་ལས་དོན། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་བྱ་བའི་ཆུ་ཚད་མཐོ་རུ་གཏོང་བ། ཧུར་བརྩོན་དང་རང་འགུལ་གྱིས་མི་དམངས་མང་ཚོགས་ཀྱི་ཆེད་དུ་དོན་བཟང་སྒྲུབ་པ་དང་དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་པའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

            《རྒྱས་བཤད་གནད་བསྡུསདེ་ཆེད་དོན6ལ་དབྱེ་ཡོད་པ་དང་། བསྡོམས་པས་རྒྱས་བཤད་ཚན་པ224ཡོད་ལ། 2012ལོའི་ཟླ11པ་ནས2025ལོའི་ཟླ7པའི་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུ་དང་གསུང་བཤད། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཡིག་ཚགས་གལ་ཆེན160ལྷག་ལས་བཏུས་པ་རེད། དེའི་ནང་གི་རྒྱས་བཤད་ཁ་ཤས་ནི་ཐོག་མར་ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།