《བདེན་འཚོལ》དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།
སྤེལ་དུས 2025-10-17
ཡོང་ཁུངས།
རྩོམ་པ་པོ།
ཟླ་10ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་20པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ་ཡོད་ཅིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2021ལོའི་ཟླ་9པ་ནས་2025ལོའི་ཟླ་9པའི་བར་གནང་བའི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཡིན།
རྩོམ་ཡིག་ནང་། མིག་སྔའི་འཛམ་གླིང་ཐོག་ཞི་བདེའི་མཚལ་ཡིག་དང་། གོང་འཕེལ་མཚལ་ཡིག བདེ་འཇགས་མཚལ་ཡིག བཅོས་སྐྱོང་མཚལ་ཡིག་བཅས་མང་དུ་འཕར་བ་ལས་ཆག་གི་མེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་སོགས་བཏོན་གནང་བ་ནི་གོང་གསལ་གྱི་མཚལ་ཡིག་སེལ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཆེད་ཡིན་ཞེས་ནན་སྟོན་བྱས་ཡོད།
རྩོམ་ཡིག་ནང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་ལག་ལེན་བསྟར་བའི་དམིགས་ཡུལ་ནི་གོང་འཕེལ་འགྲོ་ལམ་ཐོག་གི་ཁོང་ཡངས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་གི་མི་དམངས་ནས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་ཆེད་ཡིན། གོང་འཕེལ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། ཀུན་ཕན་ཁོང་ཡངས་རྒྱུན་འཁྱོངས། གསར་གཏོད་སྒུལ་ཤུགས་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱ་རྒྱུ་རྒྱུན་འཁྱོངས། བྱ་སྤྱོད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་གོང་འཕེལ་དེ་དོ་མཉམ་དང་མཐུན་སྦྱོར་ཁོང་ཡངས་ཀྱི་དུས་རིམ་གསར་པའི་ཕྱོགས་སུ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ནི་མཉམ་ལས་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་དར་སྤེལ་བཏང་ནས། དེ་བས་དོ་སྙོམས་དང་ནུས་ལྡན། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུ་དེ་ཡིན། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་རྒྱུན་འཁྱོངས། རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་ལ་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཞི་བདེའི་བྱ་ཐབས་ཐོག་ནས་རྒྱལ་ཁབ་དབར་གྱི་ཕྱོགས་འགལ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས། སྲོལ་རྒྱུན་ཁྱབ་ཁོངས་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐད་གཅིག་གྱུར་འཆར་འགོད་ཀྱིས་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་སྣ་ཚོགས་དབར་ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་ཆེད་ཡིན། འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུ་ཐུན་མོང་ཐོག་དར་སྤེལ་གཏོང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ཐུན་མོང་ཐོག་དར་སྤེལ་གཏོང་བ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱ་རྒྱུ་ཐུན་མོང་ཐོག་དར་སྤེལ་གཏོང་བ། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཐུན་མོང་ཐོག་དར་སྤེལ་གཏོང་བ་བཅས་བྱེད་དགོས། ད་ལོ་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་དང་། ལོ་རྒྱུས་བློ་ལ་འཛིན་པ་དང་འབྱུང་འགྱུར་མཉམ་དུ་གཏོད་པའི་དུས་སྐབས་གལ་ཆེན་ཞིག་ཡིན། དེར་བརྟེན། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་ནས་རྒྱལ་ཁབ་ཁག་དང་ལྷན་དུ་སྔར་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད། དེ་ཡང་། དང་པོ་ནི། བདག་དབང་འདྲ་མཉམ་ཡིན་པ་ལག་བསྟར་བྱེད་པ་དང་། གཉིས་པ་ནི། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་ཞུ་བ། གསུམ་པ་ནི། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། བཞི་པ་ནི། མི་རྩ་བར་འཛིན་རྒྱུ་དར་སྤེལ་གཏོང་བ། ལྔ་པ་ནི། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བྱེད་པ་བཅས་ཡིན་ཞེས་བསྟན་ཡོད།