ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2026-02-14 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། སྔོན་དཔག་རང་བཞིན། མ་ལག་ཅན་བཅས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་པས་ཚན་རིག་གི་ཡང་རྩེར་འཛེགས་ཏེ་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་གཏོད་པར་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་བཙུགས་ནས་ལོ་40སོང་རིང་། རྨང་གཞིའི་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་བ་རེད།
  ཞི་ཅིན་ཕིང་གིས་རྒྱང་ལམ་གསར་པར་ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་པོར་འཛིན་པ། “ཁ་ཕྱོགས་བཞི”ཡི་འཐབ་ཇུས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། སྔོན་དཔག་རང་བཞིན། མ་ལག་ཅན་བཅས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་ཐེབས་རྩའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་རོགས་དངུལ་སྤྲོད་པའི་མ་ལག་འཐུས་སྒོ་ཚང་དུ་དང་རོགས་སྐྱོར་གྱི་ཕན་ནུས་ཆེ་རུ་གཏོང་བ། ཚན་རིག་ཞིབ་འཇུག་གི་ཁོར་ཡུག་བཟང་པོ་གཏོད་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། རྒྱ་ཆེའི་ཚན་རིག་ཞིབ་འཇུག་མི་སྣས་ཚན་རིག་གི་ཡང་རྩེར་འཛེགས་ཏེ་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་གཏོད་པར་རྒྱབ་སྐྱོར་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་དར་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
  རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་དེ་ཉིད་1986ལོའི་ཟླ་2པར་བཙུགས་ཤིང་། ལོ་40ཡི་འཕེལ་རྒྱས་བརྒྱུད། ད་ཆ་རྒྱལ་ཁབ་ཀྱིས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་པར་རོགས་སྐྱོར་བྱས་ཏེ་རྨང་གཞིའི་ཞིབ་འཇུག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།