ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ལྷོ་ཁ་ནས་མི་4བཟུང་འདུག

སྤེལ་དུས 2024-03-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
              ལོ་མཇུག་དང་ལོ་འགོར་རྒྱན་འགྱེད་ཀྱི་ཁྲིམས་འགལ་ཉེས་གསོག་ཐོན་མང་བར་དམིགས་ནས། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱིས“2024ལོའི་དྭངས་གཙང”གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། རྒྱན་འགྱེད་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་ས་ཉུང་དུ་བཏང་སྟེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། 

              ཟླ་2ཚེས་7ཉིན་གྱི་ཆུ་ཚོད་11ཙམ་ལ། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་སྤྱི་བདེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱུན་གཏན་གྱི་སྐོར་གཡེང་བྱེད་དུས་ཕུན་ཆེ་གེ་མོ་དང་། ཐུབ་ཆེ་གེ་མོ། མིག་ཆེ་གེ་མོ། དཔལ་ཆེ་གེ་མོ་བཅས་མི་བཞི་པོས་ཁོངས་གཏོགས་ཁུལ་གྱི་ཚེ་ཆེ་གེ་མོའི་ཚོང་ཁང་ནང་མཱ་ཅང་རྒྱག་གི་ཡོད་པ་ཤེས་རྟོགས་ཐུབ་སྟེ། ད་ག་རང་ནས་རྒྱན་འགྱེད་དངུལ་སྒོར་6400ལྷག་ཙམ་དང་མཱ་ཅང་གཅིག་གཞུང་བཞེས་བཏང་བ་མ་ཟད། ཁྲིམས་ལྟར་མི་ལྔ་པོ་མངགས་གཏོང་ཁང་དུ་འདྲི་རྩད་དང་ལེན་བྱེད་པར་སྐད་བཏང་བ་རེད།  

              འདྲི་ཞིབ་བྱས་པ་བརྒྱུད། ཕུན་ཆེ་གེ་མོ་དང་། ཐུབ་ཆེ་གེ་མོ། མིག་ཆེ་གེ་མོ། དཔལ་ཆེ་གེ་མོ་མི་བཞི་དང་། དེ་བཞིན་ཚེ་ཆེ་གེ་མོས་རྒྱན་པོ་འགྱེད་པ་དང་རྒྱན་པོ་འགྱེད་ས་མཁོ་འདོན་བྱས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ངོས་ལེན་ཞུས་པ་རེད།  

              མིག་སྔར། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་སྤྱི་བདེ་མངགས་གཏོང་ཁང་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམསཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་ཕུན་ཆེ་གེ་མོ་དང་། ཐུབ་ཆེ་གེ་མོ། མིག་ཆེ་གེ་མོ། དཔལ་ཆེ་གེ་མོ་བཅས་ལ་སྲིད་འཛིན་བཀག་ཉར་ཉིན་4བྱས་པ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚོང་ཁང་གི་སྦྱིན་བདག་ཚེ་ཆེ་གེ་མོར་སྐྱོན་བརྗོད་སློབ་གསོ་བཏང་བ་རེད།