ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཐད་གཏོང་བྱེད་མཁན4ཡིས་ངོ་ཚ་ཁྲེལ་མེད་ཀྱིས་འཕྱ་སྨོད་དང་PKབརྒྱབ་ནས……

སྤེལ་དུས 2024-03-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           ཉེ་ཆར། གཞིས་རྩེའི་སྤྱི་བདེ་ལས་ཁུངས་ཀྱི་གྲོང་ཁྱེར་དང་རྫོངཆུསརིམ་པ་གཉིས་ཀྱི་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་མཉམ་དུ་ས་གནས་དེ་གའི་ཐད་གཏོང་བྱེད་མཁན་མི་བཞི་སྐོང་འདྲི་བྱས་པ་རེད། 

           གནས་ཚུལ་ཞིབ་ཕྲ། 

           བརྟག་དཔྱད་བྱས་པ་བརྒྱུད། བསམ་གྲུབ་རྩེ་ཆུས་ཀྱི་ཐད་གཏོང་བྱེད་མཁན་ཕུར་ཆེ་གེ་མོ་དང་ཉི་ཆེ་གེ་མོ། ས་སྐྱ་རྫོང་གི་ཐད་གཏོང་བྱེད་མཁན་ཆུང་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་བཅས་ཀྱིས་ཐད་གཏོང་བྱེད་སྐབས་ངོ་ཚ་མེད་པའི་སྒོ་ནས་འཕྱ་སྨོད་བྱེད་པ་དང་། སྐྱུག་བྲོ་བའི་རྣམ་པ་སྟོན་པ། PKབརྒྱབ་ནས་ཚུལ་མིན་གྱི་ཆད་པ་གཅོད་པ་སོགས་བྱས་པར་བརྟེན་སྤྱི་ཚོགས་ཐོག་བག་ཆགས་ངན་པ་བཞག་པ་མ་ཟད། དྲ་རྒྱའི་སྒྲིག་ལམ་ཡང་ཟང་ཟིང་བཟོས་ཡོད། དེར་བརྟེན་གྲོང་ཁྱེར་དང་རྫོངཆུསརིམ་པ་གཉིས་ཀྱི་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་ཐད་གཏོང་མཁན་བཞི་པོ་སྐོང་འདྲི་བྱས་པ་རེད། 

ད་གཏོང་བྱེད་མཁན་བཞི་པོས་རང་ཉིད་ཀྱི་ནོར་འཁྲུལ་དང་སྤྱི་ཚོགས་ལ་བག་ཆགས་ངན་པ་བཟོས་པ་ཤེས་རྟོགས་གཏིང་ཟབ་བྱུང་བ་མ་ཟད། སེམས་ཆུང་ངང་སྐྱོན་བརྗོད་དང་ལེན་བྱ་རྒྱུ་ཡིན་ལ། སླད་ཕྱིན་མཉམ་སྦྲེལ་དྲ་རྒྱའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་གོམས་གཤིས་ངན་པ་དོར་བ་དང་། དྲ་རྒྱའི་ཐོག་རང་གི་བྱ་སྤྱོད་ལ་གཅུན་འདོམས། རང་འགུལ་ངང་ས་གནས་ཀྱི་གཟུགས་བརྙན་དང་རང་ཉིད་ཀྱི་གཟུགས་བརྙན་ལ་སྲུང་སྐྱོང་། སྐོང་འདྲི་བཅོས་སྒྲིག་གྱི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་དང་འབྲེལཡ་རབས་ཐད་གཏོང་གི་ཁས་ལེན་ཡི་གེབཞག་ནས་དྲ་ཐོག་ཐད་གཏོང་གི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། རང་ཉིད་ཀྱི་ཐད་གཏོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། དྲ་རྒྱའི་ཐོག་གི་ཀུན་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། དྲ་ཐོག་ཐད་གཏོང་བྱེད་མཁན་གྱི་སྤྱི་ཚོགས་འགན་འཁྲི་འཁུར་བ་བཅས་བྱས་ཏེ་དྲ་རྒྱའི་ཤེས་དཔལ་གྱི་ལག་བསྟར་པ་དང་བརྒྱུད་བསྒྲགས་པ་ཞིག་བྱེད་ཀྱི་ཡིན་ཞེས་ཁས་བླངས། 

           དྲ་རྒྱའི་ཉེན་རྟོག་པའི་དྲན་སྐུལ། 

           དྲ་རྒྱ་ནི་ཁྲིམས་མེད་ལུགས་མེད་བྱེད་ས་ཞིག་མ་ཡིན་ཞིང་། ཡ་རབས་དང་། བདེ་ཐང་། ཁྲིམས་སྐྱོང་བཅས་ཀྱི་དྲ་རྒྱའི་བར་མཐོངས་ཤིག་སྐྲུན་རྒྱུ་ནི་སྤྱི་དམངས་ཚང་མས་འཁུར་དགོས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཞིག་རེད།
དྲ་དམངས་ཀྱིས་དྲ་ལམ་དུ་ཐད་གཏོང་དང་ཆ་འཕྲིན་ཡོངས་བསྒྲགས་བྱེད་སྐབས་དྲ་སྦྲེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་གཏན་འབེབས་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ནས་ཡ་རབས་ངང་དྲ་རྒྱར་ཞུགས་རྒྱུ་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ། རང་འགུལ་ངང་ཚུལ་མིན་ཆ་འཕྲིན་བཀག་འགོག ཐུན་མོང་ཐོག་དྲ་རྒྱའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ་བཅས་བྱས་ནས་དྲ་རྒྱའི་བར་མཐོངས་བཟང་པོ་ཞིག་གཏོད་དགོས།
 
རྩོམ་སྒྲིག་པ། མང་ག་མཚོ།