ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ལམ་འདིར་ཉིན75ཡི་རིང་དོ་དམ་ཚོད་འཛིན་བྱེད་རྩིས་འདུག་པས། ཚང་མས……

སྤེལ་དུས 2024-04-09 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་རྣམ་པ།
    ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི་ལེ་ལག་ཚང་བའི་གཞུང་ལམཉིང་ཁྲིའི་ཡུག་ཁུལའཛུགས་སྐྲུན་བྱེད་དགོས་པའི་རྐྱེན་གྱིས། 2024ལོའི་ཟླ་4ཚེས་5ཉིན་ནས་བཟུང་། རྒྱལ་ལམ་318ཀྱི་ K4118+680Mལ་འགོག་གྱང་དང་རི་ངོས་སུ་དྲྭ་བ་བཏང་ནས་ཨར་དམ་གྱི་འདམ་ཞོ་གཏོར་གྱི་ཡོད། དེར་བརྟེན། བདེ་འཇགས་འགན་ལེན་བྱ་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསཀྱི་གཏན་འབེབས་གཞིར་བཟུང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་གྱི་དོ་དམ་བྱེད་ཁོངས་ལམ་དུམ་གྱི་གཞོགས་གཅིག་ལ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱ་རྒྱུ་ཡིན་པས། ཆེད་དུ་གསལ་བརྡ་འདི་བཏང་བ་ཡིན།

         གཅིག འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་པའི་ལམ་དུམ།
    རྒྱལ་ལམ་318ཀྱི་ལམ་དུམ་K4118+680M (ཀླུ་ནང་ནགས་ཁུལ་ནས་ཀླུ་ནང་དུ་སྐྱོད་སའི་སྨི་200ཡི་སར)

         གཉིས། འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་པའི་དུས་ཚོད།
    རྒྱལ་ལམ་318ཀྱི་ལམ་དུམ་K4118+680Mགྱི་ལས་ཡུན་ནི། 2024ལོའི་ཟླ་4ཚེས་5ཉིན་ནས་ཟླ་6ཚེས་20ཉིན་བར་ཡིན་པ་དང་སྔོན་དཔག་བྱས་ན་ཉིན་75འགོར་རྒྱུ་ཡིན་ཞིང་། ཞིབ་ཕྲའི་དུས་ཚོད་ནི་དོན་དངོས་ཀྱི་ཨར་སྐྲུན་བྱ་ཡུན་ལ་གཞིགས་དགོས།

         གསུམ། འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱ་ཐབས།
    གཞོགས་གཅིག་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་དང་གཞོགས་གཅིག་ནས་སྐྱོད་ཆོག

         བཞི། འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་སྟངས།
    ཨར་སྐྲུན་བྱེད་པའི་ལམ་དུམ་གྱི་གཞོགས་གཅིག་ལ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་རྒྱུ་དང་གཞོགས་གཅིགཞེང་ཚད་ཧ་ལམ་སྨི་4ཡོད་པནས་རྒྱུན་གཏན་ལྟར་སྐྱོད་ཆོག
    རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་ཚོས་དོ་དམ་ཚོད་འཛིན་གྱི་དུས་ཚོད་དང་བྱེད་སྟངས་ལ་གཞིགས་ནས། ཨར་སྐྲུན་བྱ་ཡུལ་གྱི་ལམ་དུམ་ནས་སྐྱོད་སྐབས་མྱུར་ཚད་དལ་པོས་གཏོང་བ་དང་ངང་རྒྱུད་རིང་པོས་སྒུག་དགོས་པ་དང་། ལས་ཡུལ་དངོས་ཀྱི་ཨར་སྐྲུན་ཚན་པའི་ཆེད་དོན་བདེ་འཇགས་མི་སྣའི་བཀོད་འདོམས་ལ་ཉན་ནས་འགྲོ་སྐྱོད་བྱེད་དགོས། བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་ནུས་ཤུགས་ཡོད་རྒུས་གཞོགས་གཅིག་དོ་དམ་ཚོད་འཛིན་བྱས་ཀྱང་ལམ་མི་འགག་པ་བྱས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་འགྲོ་སྐྱོད་སྟབས་བདེ་ཡོང་བ་བྱ་རྒྱུ་ཡིན། དེ་ལས་ཁྱེད་རྣམ་པར་སྟབས་མི་བདེ་བ་བྱུང་ཚེ་བསམ་ཤེས་གནང་རོགས།

བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས།
2024ལོའི་ཟླ་4ཚེས་4ཉིན།
 
རྩོམ་སྒྲིག་པ། མང་ག་མཚོ།