ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

གསར་ཏུ་ལག་ལེན་བསྟར་བའི་གཏན་འབེབས་འདི་དག་ང་ཚོ་དང་འབྲེལ་བ་ཆེ།

སྤེལ་དུས 2024-04-09 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

              2024ལོའི་ཟླ་4པར་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་ཁག་གཅིག་ང་ཚོའི་འཚོ་བ་དང་འབྲེལ་བ་ཆེན་པོ་འདུག འདི་དག་ནི། 

            གཅིག ལས་རྨས་འགན་བཅོལ་ཐད་ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་པར་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ།

             ལས་རྨས་བྱུང་བའི་ལས་བཟོའི་ཁེ་དབང་སྔར་བས་འགན་སྲུང་ཡག་པོ་བྱ་ཆེད། མི་སྤྱི་པུའུ་སོགས་སྡེ་ཚན་གསུམ་གྱིས་ལས་རྨས་འགན་བཅོལ་ཐད་ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་པར་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་སྟེ། ཟླ་4ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གིས་ལས་རྨས་འགན་བཅོལ་ཐད་ཞིང་ཆེན་གཞན་ནས་སྨན་བཅོས་བྱས་པར་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད། 

             གཉིས། བུ་བཅོལ་སྒྲིག་གཞིས་ཕྲུ་གུ་དམར་འབྱར་དང་བྱིས་པ་ཉར་བའི་བརྙན་ལམ་ཉིན་90ཡན་ཉར་ཚགས་བྱེད་དགོས་པ།

             ཟླ་4ཚེས་1ཉིན་ནས་བཟུང་། བུ་བཅོལ་སྒྲིག་གཞིའི་བུ་བཅོལ་གྱི་ཆ་རྐྱེན་དང་། བུ་བཅོལ་གྱི་དཔུང་ཁག གསོ་སྐྱོང་དང་ལྟ་རྟོག འཕྲོད་བསྟེན་བདེ་སྲུང་སོགས་དཔྱད་དཔོག་གི་ནང་དོན་ལ་གཏན་འབེབས་བྱས་ཡོད་པ་དང་། དཔྱད་དཔོག་གི་ཚད་གཞིའི་ནང་བུ་བཅོལ་སྒྲིག་གཞིར་བདེ་འཇགས་སྒྲིག་བཀོད་དང་སྒྲིག་ཆས་ཡོད་དགོས་པ་དང་། ཉེན་བརྡ་གཏོང་ཆས་བསྒར་དགོས་པ་མ་ཟད། དགོས་ངེས་ཀྱི་མེ་ཟོན་སྒྲིག་ཆས་ཀྱང་དགོས། ཕྲུ་གུ་དམར་འབྱར་དང་བྱིས་པ་ཉར་སར་བརྙན་ལམ་བསྒར་དགོས་པ་མ་ཟད། ཁུག་གསེང་ཚང་མ་མཐོང་ཐུབ་པར་བྱེད་དགོས། དེས་མ་ཚད་བརྙན་ལམ་ཉིན་90ཡན་ཉར་ཚགས་བྱེད་དགོས་པ་སོགས་བཏོན་ཡོད། 

             གསུམ། མྱུར་སྐྱེལ་བསྐུར་མ་སྐུར་མཁན་གྱི་ཆ་འཕྲིན་ཚད་ལས་བརྒལ་ནས་འགོད་དུ་འཇུག་མི་ཆོག

            ཟླ་4ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བའི《མྱུར་སྐྱེལ་ཞབས་ཞུའི》རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་ནང་མྱུར་སྐྱེལ་བསྐུར་མ་སྐུར་སྐབས་རུས་མིང་དང་། འབྲེལ་གཏུག་ཁ་པར། བསྐུར(ལེན)ས། སྐུར་དངོས། ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་སོགས་ཁོ་ན་ལས། ཚད་ལས་བརྒལ་ནས་མི་སྒེར་གྱི་ཆ་འཕྲིན་འགོད་དུ་འཇུག་མི་རུང་། ལག་རྩལ་གྱི་བྱ་ཐབས་སྤྱད་དེ་མྱུར་སྐྱེལ་གྱི་གློག་རྡུལ་སྐྱེལ་འཛིན་ཐོག་སྒེར་གྱི་གསང་འཕྲིན་མི་མངོན་པ་སོགས་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཕྱིར་མི་གྱར་བ་བྱེད་དགོས། 

 

རྩོམ་སྒྲིག་པ། མང་ག་མཚོ།