ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

གླེན་རྟགས་ལ་ཨང་། སྐར་མ་114འཐེན་རྒྱུ་བསྡད་ཡོད་ན་ཡང……

སྤེལ་དུས 2025-04-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

     ཉེ་ཆར། ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ཕུན་ཚོགས་གླིང་རུ་འབྲིང་གི་འགྲིམ་འགྲུལ་ཉེན་རྟོག་པས་ལམ་ཁར་ཞིབ་བཤེར་བྱེད་སྐབས། འཁོར་རྟགས་བོད་Fབྱས་པའི་རླངས་འཁོར་ཞིག་གི་ཁ་ལོ་བ་དངངས་སྐྲག་ཆེན་པོ་ལངས་པ་མཐོང་། དེར་བརྟེན་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད།  ཁ་ལོ་བ་དཔལ་ཆེ་གེ་མོས་བཏང་བའི་མོ་ཊ་དེ་ལོ་བཤེར་བྱས་མེད་པ་མ་ཟད། 2023ལོའི་ཟླ་6ཚེས་25ཉིན་ནས་2025ལོའི་ཟླ་4ཚེས་16ཉིན་བར་འགྲིམ་འགྲུལ་བཅའ་ཁྲིམས་ལས་ཐེངས་མང་འགལ་ཏེ་སྐར་མ114འཐེན་རྒྱུ་བསྡད་ཡོད་ནའང་ད་དུང་ཐག་གཅོད་བྱེད་པར་ཕྱིན་མེད་པ་ཤེས།

མི་དམངས་ཉེན་རྟོག་པས་དཔལ་ཆེ་གེ་མོར་བཅའ་ཁྲིམས་ཁྱབ་གདལ་གྱི་སློབ་གསོ་གཏོང་བཞིན་པ།  

    མིག་སྔར། མི་དམངས་ཉེན་རྟོག་པས་དཔལ་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་1འཐེན་པ་དང་དངུལ་ཆད་སྒོར་200གཏོང་རྒྱུའི་ཆད་པ་བཅད་པ་མ་ཟད། མོ་ཊ་དེ་གནས་སྐབས་བཙན་ཉར་བྱ་རྒྱུའི་ཐག་གཅོད་ཀྱང་བྱས་པ་རེད།