ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

དངུལ་ལོར་རྫུན་མ་སྤྱོད་མཁན་གཉིས་བཟུང་འདུག

སྤེལ་དུས 2024-04-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

         ཟླ་3ཚེས་8ཉིན། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་ཉེན་རྟོག་པས་དངུལ་ལོར་རྫུན་མ་སྤྱོད་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་དོགས་ཡོད་ཉེས་ཅན་པ་འཛིན་པར་ཆུ་ཚོད་གཅིག་ལས་འགོར་མེད་པ་རེད།
ཟླ་3ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་དང་སྐར་མ་ང་གཅིག་ཙམ་ལ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཤན་ཆེན་ཤང་མངགས་གཏོང་ཁང་ལ་མང་ཚོགས་ཞིག་གིསང་ལ་བརྒྱ་ལོར་གཅིག་སྤྲད་བྱུང་། ཕལ་ཆེར་རྫུན་མ་ཡིན་པ་འདྲཞེས་ཐེར་འདོན་བྱས་པ་རེད།
    ཐེར་འདོན་འབྱོར་རྗེས། ཤན་ཆེན་ཤང་མངགས་གཏོང་ཁང་གིས་འཕྲལ་མར་འབྲེལ་ཡོད་གནས་ཚུལ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཞུས་པ་དང་འབྲེལ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་འཕྲལ་མར་གནས་ཚུལ་ཐོན་སར་བསྐྱོད་པ་རེད། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། ཟླ་3ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ་སྐྱེས་པ་གཉིས་ཀྱིས་ཤན་ཆེན་ཤང་གི་ཚོང་ཁང་ཞིག་ནས་ཅ་ལག་ཉོ་སྐབས་དངུལ་ལོར་རྫུན་མ་སྤྲད་པ་དང་། མི་དམངས་ཉེན་རྟོག་པ་དེ་གར་འབྱོར་དུས་མི་དེ་གཉིས་རླངས་འཁོར་བཏང་ནས་ཁ་བྲལ་ཟིན་ཡོད་པ་རེད།
     དེ་རྗེས། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དང་ཤན་ཆེན་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉེ་འཁོར་གྱི་མང་ཚོགས་ལ་སྐད་ཆ་དྲིས་པ་བརྒྱུད། དོགས་ཡོད་ཉེས་ཅན་གྱི་བྱད་བཞིན་དང་རླངས་འཁོར་གྱི་ཆ་འཕྲིན་རགས་ཙམ་ཤེས་རྟོགས་ཐུབ་པས་འཕྲལ་མར་ཉེས་གསོག་དོགས་ཅན་འཛིན་པའི་བྱ་སྤྱོད་སྤེལ་བ་རེད། ཕྱི་དྲོའི་ཆུ་ཚོད་གཉིས་པ་ཙམ་ལ་སྒེར་རྩེ་རྫོང་འོ་མ་ཤང་སྦུག་རྩེ་གྲོང་ཚོ་ནས་ཉེས་གསོག་དོགས་ཅན་གཉིས་བཟུང་ཐུབ་པ་མ་ཟད་རླངས་འཁོར་གྱི་རྐང་གདན་འོག་ནསཀྲུང་གོ་མོ་ཧྥ་དངུལ་ཁངཞེས་ཡིག་འབྲུ་དྲུག་འཁོད་པའི་བརྒྱ་ལོར་རྫུན་མ་79ཞིབ་བཤེར་ཐུབ་པ་རེད།
     བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་རྣམ་ཆེ་གོ་མོས་དྲ་ཐོག་ནསཀྲུང་གོ་མོ་ཧྥ་དངུལ་ཁངཞེས་ཡིག་འབྲུ་འཁོད་པའི་བརྒྱ་ལོར་རྫུན་མ་བརྒྱ་ཆག་གཅིག་ཉོས་ཏེ་བསོད་ཆེ་གེ་མོ་དང་མཉམ་དུ་རླངས་འཁོར་བཏང་ནས་སྒེར་རྩེ་རྫོང་གི་མངའ་ཁོངས་སུ་སྐབས་དང་བསྟུན་ནས་ཉེས་གསོག་གི་བྱ་སྤྱོད་སྤེལ་ཞིང་། སྔ་རྗེས་སུ་སྒེར་རྩེ་རྫོང་གི་རྫོང་གྲོང་དང་ཤན་ཆེན་ཤང་གི་ཚོང་ཁང་དང་ཇ་ཁང་དུ་བསྐྱོད་ནས་བརྒྱ་ལོར་རྫུན་མ་17སྤྱད་ཡོད་པ་རེད། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོ་དང་རྣམ་ཆེ་གེ་མོས་དངུལ་ལོར་རྫུན་མ་སྤྱད་པའི་ཉེས་གསོག་གི་དོན་དངོས་ངོས་ལེན་མ་ཞུ་ཀ་མེད་བྱུང་།       མིག་སྔར། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད།

         ཉེན་རྟོག་པའི་དྲན་སྐུལ།
དངུལ་ལོར་རྫུན་མ་བཟོ་བ་དང་། འཁྱེར་བ། སྤྱོད་པ་བཅས་ནི་ཁྲིམས་ལས་འགལ་བ་ཞིག་རེད། དངུལ་ལོར་རྫུན་མར་དོགས་ཟོན་བྱ་རྒྱུ་དེ་རང་ཉིད་ནས་འགོ་འཛུགས་དགོས་ལ། དངུལ་ལོར་རྫུན་མར་རྡུང་རྡེག་གཏོང་རྒྱུ་ནི་མི་ཚང་མའི་འགན་འཁྲི་རེད།
དངུལ་ལོར་རྫུན་མ་རག་ན་སླར་ཡང་མི་སྤྱོད་པར་འཕྲལ་མར་རང་ཉིད་གནས་ཡུལ་གྱི་དངུལ་ཁང་དང་སྤྱི་བདེ་ལས་ཁུངས་ལ་སྤྲོད་དགོས། 
དངུལ་ལོར་རྫུན་མ་བཟོ་མཁན་དང་། ཉོ་མཁན། འཚོང་མཁན། འཁྱེར་མཁན། སྤྱོད་མཁན་བཅས་ཤེས་རྟོགས་བྱུང་ཚེ། འཕྲལ་མར་110ལ་སྙན་སེང་ཞུས་ནས་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱེད་དུ་བཅུག་དགོས།