ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

2016.3.1ནས2019.9.30བར་ལ་སྐྱེས་པའི་ཕྲུ་གུའི་ཁྱིམ་བདག་གིས་གཟིཊ་དང་།

སྤེལ་དུས 2024-03-11 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།

         རྒྱུངས་སྐྱའི་ཚ་ནད་ནད་དུག་ནུས་ལྡན་འགོག་པ་དང་། རིགས་གཉིས་པའི་རྒྱུངས་སྐྱའི་ཚ་ནད་ནད་དུག་གི་རིམས་འགོག་སྨན་ཁབ་ཀྱི་བསྐྱར་འགྱུར་ནད་དུག་འགོ་བའི་ཉེན་ཁ་ཆུང་དུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་ཕྲུ་གུར་རིགས་གཉིས་པའི་རྒྱུངས་སྐྱའི་ཚ་ནད་ནད་དུག་འགོག་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་ཆེད། གོང་རིམ་གྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་འབྲེལ་ཡོད་མི་ཚོགས་ལ་རྒྱུངས་སྐྱའི་ཚ་ནད་ཀྱི་རིམས་འགོག་སྨན་ཁབ་གཉིས་པ(IPV/脊灰疫苗针剂)རྒྱག་གི་ཡིན། ད་ལྟ་སྨན་ཁབ་རྒྱག་པའི་ཕྲུ་གུའི་ཐོ་ལེན་བཞིན་ཡོད་པས། སྨན་ཁབ་རྒྱག་དགོས་པའི་ཆ་རྐྱེན་དང་མཐུན་པའི་ཕྲུ་གུའི་ཁྱིམ་བདག་ཚོས་ངེས་པར་དུ་ཁོངས་གཏོགས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་འཕྲོད་བསྟེན་ཁང་དུ་མགྱོགས་པོ་ཐོ་འགོད་པར་འགྲོ་དགོས།

 

         སྨན་ཁབ་རྒྱག་པའི་ཁྱབ་ཁོངས།  

         2016ལོའི་ཟླ་3ཚེས་1ཉིན་ནས་2019ལོའི་ཟླ་9ཚེས་30ཉིན་བར་སྐྱེས་པའི་ཕྲུ་གུ་ཚང་མ།

         སྨན་ཁབ་རྒྱག་པའི་རྩ་དོན། 

         སྨན་ཁབ་རྒྱག་དགོས་པའི་ཆ་རྐྱེན་དང་མཐུན་ཞིང་རྒྱུངས་སྐྱའི་ཚ་ནད་ཀྱི་རིམས་འགོག་སྨན་ཁབ(IPV/脊灰疫苗针剂)ཐེངས་གཅིག་ལས་བརྒྱབ་མེད་པའི་ཕྲུ་གུ་ཚང་མར་རིན་མེད་ངང་རིམས་འགོག་སྨན་ཁབ་གཉིས་པ་དེ་རྒྱག་དགོས།

         ཐོ་འགོད་དུས་ཚོད། 

         2024ལོའི་ཟླ་1ཚེས་30ཉིན་ནས་ཟླ་2ཚེས་1ཉིན་བར་ཡིན་པ།

          ཁྱིམ་བདག་ཚོས་ཉིན་གསུམ་གྱི་ནང་ཚུན་དུ་ངེས་པར་དུ་རྒྱུན་གཏན་གྱི་རིམས་འགོག་སྨན་ཁབ་རྒྱག་སའི་ལས་ཁུངས་སམ་ཡང་ན་ཉེ་འཁོར་གྱི་སྔོན་འགོག་སྨན་ཁབ་རྒྱག་སའི་ལས་ཁུངས་སུ་ཐོ་འགོད་དགོས། ཐོ་འགོད་བྱས་པའི་ཕྲུ་གུ་རྣམས་ལ་མི་རིང་བར་རིན་པ་མི་དགོས་པར་རིམས་འགོག་སྨན་ཁབ་རྒྱག་གི་ཡིན།