ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་ཁྲོད་རླུང་ནི་མིའི་ལུས་ཁམས་ཀྱི་ཟུངས་ཁྲག་དང་དགུལ་སྐྱོད་དབང་རྩ་འཁོར་སྐྱོད་བཅས་ལ་གཙོ་ཁྲིད་བྱེད་པའི་རྨང་གཞིའི་ནུས་ཚད་ཡིན་ལ། བོད་ལྗོངས་མཐོ་སྒང་གི་མི་ཚོགས་ཀྱི་ནད་རྟགས་མཐོ་ཤོས་ཀྱང་ཡིན།

སྤེལ་དུས 2026-07-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྒྲོན་མ་དབྱངས་སྐྱིད།
      ནད་ཕོག་པའི་རྒྱུ་རྐྱེན།
       གནམ་གཤིས་ཀྱི་རྒྱུ་རྐྱེན་ས་མཐོའི་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་དང་ལོ་ཧྲིལ་པོར་རླུང་ཆེན་ལྡང་བ་དང་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བས་སྐེད་པ་དང་ལྷུ་ཚིགས་མགོ་བོ་བཅས་ལ་གྲང་རླུང་གི་གནོད་འཚེ་ཡུན་རིང་ཕོག་ནས་ལུས་པོའི་རླུང་གི་དོ་སྙོམས།
      ༢ འཚོ་བའི་གོམས་གཤིས། རྒྱུན་དུ་མཚན་འཁྱོངས་དང་ངལ་དུབ་ཆེ་དྲགས་པ་དུས་ཡུན་རིང་པོར་རྐང་འཁོར་ཞོན་པ་དང་རི་འཛེགས་ནས་ལུས་ཤུགས་ཟད་གྲོན་འགྲོ་བ། ཆུ་འཁྱག་དང་གྲང་ཟས་མང་པོ་ཟ་བ་དུས་ཡུན་རིང་པོར་གཅིན་བསྲན་པ་དང་ཁོག་སྟོང་དུ་ངལ་རྩོལ་བྱེད་པ།
      ༣ སེམས་ཁམས་ཀྱི་རྒྱུ་རྐྱེན་བསམ་བློ་གཏོང་རྒྱུ་མང་དྲགས་པ་དང་། སེམས་ཁྲལ་དང་སུན་སྣང་། རྒྱུན་དུ་ཁོང་ཁྲོ་ལངས་པ་བཅས་ཀྱིས་རླུང་ཧྲང་དུ་བསྐྱོད་པ་དང་། མགོ་བོ་དང་བློ་སེམས་མི་བདེ་བར་འགྱུར་བ།
      ༤ བྱ་སྤྱོད་ཀྱི་གོམས་གཤིས་ཡུན་རིང་བསྡད་ཀྱང་འགུལ་སྐྱོད་མི་བྱེད་པ་དང་། རྐང་ལག་བཞི་པོ་འགུལ་སྐྱོད་མི་བྱེད་པ། ཁྲག་རླུང་འཁོར་རྒྱུག་མི་བདེ་བ། སྐེད་པ་དང་རྐང་པ་སྦྲིད་ནས་ན་ཟུག་སློང་བ་བཅས་ཡིན། ནད་ཕོག་རྗེས་རྒྱུན་མཐོང་གི་ནད་རྟགས། མགོ་ཡུ་འཁོར་བ་དང་གཉིད་མི་ཁུག་པ། སྐེད་པ་དང་པུས་མོ་ན་བ་རྐང་ལག་བཞི་བོ་སྦྲིད་པ་སེམས་འཚབ་པ་དང་དབུགས་ཐུང་བ།ལུས་ཡོངས་ཤུགས་མེད་པ། ལྷུ་ཚིགས་གྲང་བ། 
      རྒྱུན་གཏན་གྱི་སྔོན་འགོག་བྱ་ཐབས།
      ༡ འགྲོ་འདུག་དྲོད་སྲུང་། སྔ་དགོང་ཕྱི་ལ་འགྲོ་དུས་ཞྭ་མོ་དང་པུས་མོ་སྲུང་སྐྱོབ་ཡག་པོ་བྱས་ནས་གྲང་རླུང་གིས་མགོ་དང་ལྷུ་ཚིགས་ལ་ཐད་ཀར་མི་ལྡང་བ་དང་། མཚན་མོར་སྐེད་པ་དང་ལྟོ་བ་བཀབ་ནས་མཐོངས་ཡངས་སུ་ངལ་གསོ་མི་རྒྱག་པ།
      ༢ བཟའ་བཏུང་སྙོམས་སྒྲིག་བྱ་རྒྱུ་སྟེ། ཆུ་འཁྱག་ཉུང་ཙམ་ཐུང་བ་དང་། རྒྱུན་དུ་ཇ་ཚ་པོ་དང་བྲས་ཐུག་འོས་འཚམ་འཐུང་བ།་ལུས་པོ་དྲོད་འཇམ་གྱིས་གསོ་བ།གང་ཐུབ་ཅི་ཐུབ་ཀྱིས་མཚན་འཁྱོངས་མི་བྱེད་པ་མཚན་མོར་གཉིད་འདང་ངེས་ཉལ་བ་དང་ཡུན་རིང་པོར་ངལ་རྩོལ་བྱེད་ཚད་ཉུང་དུ་གཏོང་བ།
      ༣ འགུལ་སྐྱོད་ཐད་ལ་དལ་མོར་འགྲོ་བ་དང་ལུས་ཡོངས་ཀྱི་ཁྲག་རྒྱུན་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། ལུས་སྟེང་གི་གྲང་རླུང་མཐར་སྐྲོད་གཏོང་བ།
      ༤ སེམས་ཁམས་སྙོམས་སྒྲིག་ཐད་སེམས་ཞི་དུལ་ངང་སྡོད་པ་དང་། སེམས་ཁྲལ་ཉུང་ཙམ་དང་བསམ་བློ་མང་པོ་མི་གཏོང་བ། ཁོམ་སྐབས་ཡོད་དུས་སེམས་རྣལ་དུ་ཕབ་ནས་ངལ་གསོ་བ། ལུས་ནང་རླུང་གི་འཁོར་སྐྱོད་བརྟན་པོ་ཡོང་བ་བཅས་བྱ་དགོས།