དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧང་ག་རིའི་ཙུང་ལི་ཨོར་པན་གྱིས་ཀྲུང་གོའི་རིམས་འགོག་སྨན་ཁབ་གཟེད་པ།

སྤེལ་དུས 2021-03-02 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         འདི་ནི་ཧང་ག་རིའི་ཙུང་ལི་ཨོར་པན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཀྲམ་པའི་པར་ལས་ཟླ་2ཚེས་28ཉིན་ཨོར་པན(གཡོན)གྱིས་རྒྱལ་ས་པུ་ཏ་ཕེ་སིར་ཀྲུང་གོ་རྒྱལ་སྨན་ཚོགས་པས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་གཟེར་པ་མངོན་པ། ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉིན་ཤས་གོང་། ཧང་ག་རིའི་ཙུང་ལི་ཨོར་པན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་དེ་ཉིན་རྒྱལ་ས་པུ་ཏ་ཕེ་སིར་ཀྲུང་གོ་རྒྱལ་སྨན་ཚོགས་པས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་གཟེད་ལུགས་ཁྱབ་བསྒྲགས་བྱས་པ་རེད། “རིམས་འགོག་སྨན་ཁབ་གཟེད་པ་ཡིན”ཞེས་ཨོར་པན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བརྗོད་ཅིང་། ཡིག་འབྲུ་དེ་དག་གི་གཤམ་དུ་པར་3བཀོད་ཡོད་པ་སྟེ་པར་དང་པོ་ནི་ཁོང་གིས་རིམས་འགོག་སྨན་ཁབ་གཟེད་པའི་གནས་ཚུལ་ཡིན་པ་དང་། པར་གཉིས་པ་ནི་སྨན་པས་ཀྲུང་གོ་རྒྱལ་སྨན་ཚོགས་པས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་སྟོན་བཞིན་པ། པར་གསུམ་པ་ནི་ཐེངས་འདིའི་རིམས་འགོག་སྨན་ཁབ་རྒྱག་ས་བསྟན་ཡོད། ཨོར་པན་གྱིས་དེ་གོང་སྨྱན་སྦྱོར་ཁག་ལ་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་ཡིད་ཆེས་ཆེན་པོ་ཡོད་ལུགས་བརྗོད་ཡོད། ཧང་ག་རིས་ད་བར་ཏོག་གསར་རིམས་འགོག་སྨན་ཁབ་རིགས་5ལ་ཆོག་མཆན་སྤྲད་པ་མ་ཟད་ཉོ་སྒྲུབ་ཀྱང་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།