དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་ཡོའི་དུས་གཏན་མེ་འཁོར“བགྲོད་ལམ་ཤར་མ”ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་ཚད་རིམ་རྩིས་བྱས་ན་ཁྲི་ལས་བརྒལ་བ།

སྤེལ་དུས 2021-03-02 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         འདི་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་མན་ཀྲོའུ་ལི་འགག་སྒོ་ནས་སྐྱོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་ཧར་པིན་ནས་ཟླ་2ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2013ལོ་ནས་ད་བར། མན་ཀྲོའུ་ལི་དང་སུའེ་ཧྥུན་གཙང་པོའི་འགག་སྒོ་བརྒྱུད་རྒྱལ་མཚམས་འཛུལ་སྒྲོལ་བྱས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་10556དང་ཟོག་འདྲེན་བྱེད་ཚད་དོས་སྒམ་952601ཟིན་ཡོད། མན་ཀྲོའུ་ལི་དང་སུའེ་ཧྥུན་གཙང་པོའི་འགག་སྒོ་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་བགྲོད་ལམ་ཤར་མའི་འགག་སྒོ་གལ་ཆེན་ཞིག་རེད། མན་ཀྲོའུ་ལི་དང་སུའེ་ཧྥུན་གཙང་པོའི་འགག་སྒོ་བརྒྱུད་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་པའི་ནང་གཙོ་བོ་རྒྱུན་མཁོའི་བརྒྱ་ཟོག་དང་། གློག་ཆས་ཐོན་རྫས། བཟོ་ལས་འཕྲུལ་ཆས་སོགས་ཡོད་པ་རེད། ལྕགས་ལམ་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2013ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་མན་ཀྲོའུ་ལི་འགག་སྒོ་བརྒྱུད་གཏོང་འགོ་ཚུགས་ཚུན། མན་ཀྲོའུ་ལི་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་མུ་མཐུད་འཕར་བའི་རྣམ་པ་མངོན་ཡོད། 2018ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་སུའེ་ཧྥུན་གཙང་པོའི་འགག་སྒོ་བརྒྱུད་གཏོང་འགོ་ཚུགས་ཚུན་རིམ་རྩིས་བྱས་ན་དུས་གཏན་མེ་འཁོར་410བཏང་བ་དང་། མེ་འཁོར་གཏོང་ཐེངས་དེ་ཐོག་མའི་ཟླ་རེར་ཆ་སྙོམས་མེ་འཁོར་ཐེངས་6གཏོང་བ་ནས་མིག་སྔའི་ཟླ་རེར་ཆ་སྙོམས་མེ་འཁོར་ཐེངས་20བར་མང་དུ་སོང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་པས་གོ་ལ་ཧྲིལ་པོའི་མཁའ་འགྲུལ་དང་མཚོ་ཐོག་སྐྱེལ་འདྲེན་ལ་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཕོག་ཡོད། འོན་ཀྱང་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་བདེ་འཇགས་དང་སྤྱོད་མཁོ་ཆེན་པོ་སོགས་ཀྱི་ལེགས་ཆ་བཏོན་ཏེ། ལས་སྒོ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་དང་ལམ་ཐིག་གསར་པ་མང་དུ་བཏང་ནས་ཀྲུང་གོ་དང་། ཡོ་རོབ། དེ་བཞིན་ལམ་རྒྱུད་རྒྱལ་ཁབ་ཀྱི་ཟོག་འགྲེམས་ཤར་གཏོང་དང་དངོས་ཟོག་མཁོ་སྤྲོད་བརྟན་པོ་འགན་ལེན་བྱ་ཆེད་ནུས་པ་གལ་ཆེན་བཏོན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།