དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཨར་ཅི་རི་ཡར་འབྱོར་བ།

སྤེལ་དུས 2021-03-02 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་བླུགས་པའི་ཨར་ཅི་རི་ཡའི་དམག་ཁོངས་གནམ་གྲུ་གཅིག་ཚེས་24ཉིན་གྱི་དགོང་མོ་ཨར་ཅི་རི་ཡའི་པུའུ་ལི་ཏ་ཞིང་ཆེན་གྱི་པུའུ་ཧྥ་ལི་ཁེ་དམག་སྤྱོད་གནམ་ཐང་དུ་འབྱོར་བ་རེད། ཨར་ཅི་རི་ཡའི་གསར་འགྱུར་པུའི་པུའུ་ཀྲང་དང་སྲིད་གཞུང་གི་མགྲིན་ཚབ་པ་གཅིག་ལྕོགས་དང་། འཕྲོད་བསྟེན་པུའི་པུའུ་ཀྲང་སོགས་དཔོན་རིགས་དང་དེ་བཞིན་ཨར་ཅི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ལན་ཧོ་ཡིས་གནམ་ཐང་དུ་རྩིས་ལེན་པར་བསྐྱོད་པ་རེད།
         གནམ་ཐང་དུ་འཚོགས་པའི་རིམས་འགོག་སྨན་ཁབ་རྩིས་སྤྲོད་མཛད་སྒོར་ཨར་ཅི་རི་ཡའི་གསར་འགྱུར་པུའི་པུའུ་ཀྲང་དང་སྲིད་གཞུང་གི་མགྲིན་ཚབ་པ་གཅིག་ལྕོགས་ཨར་མ·པེ་ལི་ཤིས་སྨིར་གྱིས་ཀྲུང་གོ་སྲིད་གཞུང་གིས་ཨར་ཅི་རི་ཡར་རོགས་སྐྱོར་བྱས་པར་བསྔགས་བརྗོད་ཟབ་མོ་བྱས་ཤིང་། ཁོང་གིས་ཀྲུང་གོ་ནས་དབོར་བའི་ཏོག་གསར་རིམས་འགོག་སྨན་ཁབ་འདི་དག་གིས་ཨར་ཅི་རི་ཡར་དམངས་ཡོངས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་བར་འདེགས་སྐྱོར་ནུས་ལྡན་ཐུབ་སྲིད་ཅེས་བརྗོད་པ་རེད།
         ལི་ལན་ཧོ་ཡིས་ད་ཐེངས་ཀྱི་རིམས་འགོག་སྨན་ཁབ་ལས་ཀྲུང་ཨར་རྒྱལ་ཁབ་གཉིས་པོའི་མཐུན་སྒྲིལ་དང་མཛའ་གྲོགས་མཚོན་གྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་མཆེད་ཚུན་ཀྲུང་ཨར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཨར་ཅི་རི་ཡ་ནི་ཀྲུང་གོར་སྨན་བཅོས་དངོས་ཟོག་མཁོ་འདོན་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད། ཀྲུང་ཨར་རྒྱལ་ཁབ་གཉིས་པོས་རིམས་འགོག་བྱ་སྤྱོད་སྤེལ་རིང་མུ་མཐུད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།