མ་ལེ་ཞི་ཡས་མངགས་ཉོ་བྱས་པའི་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཕྱེད་གྲུབ་མ་ཁག་དང་པོ་ཁྭ་ལ་ལུམ་ཕུར་འབྱོར་བ།
སྤེལ་དུས 2021-03-02
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
མ་ལེ་ཞི་ཡས་ཀྲུང་གོ་ཁོའོ་ཤིང་ཀུང་སི་ནས་མངགས་ཉོ་བྱས་པའི་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཕྱེད་གྲུབ་མ་ཁག་དང་པོ་ཟླ་2ཚེས་27ཉིན་ཁྭ་ལ་ལུམ་ཕུར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། མ་ལེ་ཞི་ཡའི་རྒྱལ་སྲུང་པུའུ་ཀྲང་དབྱི་སི་མེར·ས་པུ་ལི·ཡ་ཀེ་པུ་སོགས་དཔོན་རིགས་དང་མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཨོའུ་དབྱང་གཡུས་ཅིང་གནམ་ཐང་དུ་རྩིས་ལེན་བྱེད་པར་སླེབས་ཡོད། མ་ལེ་ཞི་ཡའི་གཞུང་ཁོངས་སྨན་བཟོ་ཁེ་ལས་ཆེ་གྲས་ཧྥ་མཱ་ཀུང་སི་དང་ཀྲུང་གོ་ཁོའོ་ཤིང་ཀུང་སིས་འདི་ལོའི་ཟླ་དང་པོར་ཁོའོ་ཤིང་ཀུང་སིས་རིམས་འགོག་སྨན་ཁབ་ཕྱེད་གྲུབ་མ་མཁོ་འདོན་བྱས་ནས་ཧྥ་མཱ་ཀུང་སིས་མ་ལེ་ཞི་ཡ་རུ་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱེད་པའི་མཉམ་ལས་ལ་གྲོས་མཐུན་བཞག་པ་རེད། ⇐ འདི་ནི་མ་ལེ་ཞི་ཡས་ཀྲུང་གོ་ཁོའོ་ཤིང་ཀུང་སི་ནས་མངགས་ཉོ་བྱས་པའི་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་ཁྭ་ལ་ལུམ་ཕུར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བའི་གནས་ཚུལ་ཡིན་པ།
རྩོམ་སྒྲིག་པ། སངས་སྐྱབས།