དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕ་ཁི་སི་ཐན་གྱི་ཙུང་ཐུང་ནས་ཀྲུང་གོའི་ཏོག་གསར་འགོག་ཁབ་བརྒྱབ་པ།

སྤེལ་དུས 2021-03-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        སྤྱི་ཟླ་3པའི་ཚེས་15ཉིན། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེ་དང་སྐུ་ཟླས་མཚན་ཐོ་བཀོད་རྗེས་རྒྱལ་སའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་སའི་ལྟེ་གནས་སུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཡོད་པ་རེད། ཙུང་ཐུང་གཞུང་ལས་ཁང་གི་མི་སྣས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཙུང་ཐུང་ཨར་ཝེས་བརྒྱབ་པ་ནི་ཀྲུང་གོ་རྒྱལ་སྨན་ཚོགས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཡིན་ཞེས་བརྗོད་ཡོད།
        ཨར་ཝེ་ཡིས། ཕ་ཁི་སི་ཐན་གྱི་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ནི་ལོ་ན་ལྟར་བགོ་བཤའ་བརྒྱབ་ཡོད་ཅེས་དང་། ཁོང་གིས་རྒན་རྒོན་རྣམས་ཀྱིས་རིམས་འགོག་སྨན་ཁབ་བརྒྱབ་པ་བརྒྱུད་སྔོན་འགོག་ཡག་པོ་བྱ་དགོས་པའི་རེ་འབོད་གནང་བ་མ་ཟད། མང་ཚོགས་ནས་རིམས་འགོག་སྨན་ཁབ་བརྒྱབ་རྗེས་རིམས་ནད་སྔོན་འགོག་གི་བྱེད་ཐབས་ནན་སྲུང་བྱ་དགོས་པའི་སྐུལ་འདེབས་ཀྱང་གནང་ཡོད་པ་རེད།
        ད་ལོའི་སྤྱི་ཟླ་2པའི་ཟླ་འགོར་ཀྲུང་གོའི་སྲིད་གཞུང་ནས་ཕ་ཁི་སི་ཐན་ཕྱོགས་ལ་ཀྲུང་གོ་རྒྱལ་སྨན་ཚོགས་པས་ཞིབ་བཟོ་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་པ་དང་། རིམས་འགོག་སྨན་ཁབ་དེ་དག་རིམས་འགོག་འཐབ་ས་དང་པོའི་སྨན་བཅོས་མི་སྣར་སྔོན་ལ་བརྒྱབ་ཡོད་པ་རེད།
        ཕ་ཁི་སི་ཐན་འཕྲོད་བསྟེན་པུའུ་ཡི་གྲངས་གཞི་ལྟར་ན། སྤྱི་ཟླ་3པའི་ཚེས་15ཉིན་བར། ཕ་ཁི་སི་ཐན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་607453ཡོད་པ་དང་། ནད་པ་13537ཚེ་ལས་འདས་པ། ཁྱོམ་བསྡོམས་ནད་པ་571878དྲག་སྐྱེད་བྱུང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།