དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་ལ་ཏོག་གསར་རིམས་འགོག་སྨན་ཁབ་འདྲ་མཉམ་ངང་ཐོབ་ཐབས་བྲལ་བ་དེ་ཀུན་སྤྱོད་དང་མཐུན་མེད།

སྤེལ་དུས 2021-04-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           ཚེས་5ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་སྔོན་ཚུད་ནས་ཕབ་འཇུག་བྱས་པའི་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་བརྙན་ལམ་ཤིས་ཚིག་ནང་ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་ལ་ཏོག་གསར་རིམས་འགོག་སྨན་ཁབ་འདྲ་མཉམ་ངང་ཐོབ་ཐབས་བྲལ་བ་དེ་ནི་ཀུན་སྤྱོད་དང་མི་མཐུན་པའི་སྣང་ཚུལ་ཞིག་རེད་ཅེས་ནན་བཤད་བྱས་པ་རེད།
           ཀུ་ཐེ་ལེ་སིས“ཏོག་གསར་ནད་དུག་གི་ཉམས་ཉེན་ལས་ང་ཚོའི་སྤྱི་ཚོགས་འདྲ་མཉམ་མེད་པ་མངོན་གྱི་ཡོད”དབུལ་ཕོངས་དང་། འཚོ་བ་དང་ལས་ཀའི་ཆ་རྐྱེན་ཡག་པོ་མེད་པས། སྤྱི་ཚོགས་ཀྱི་མཐོང་ཆུང་ལ་འགོག་རྒོལ་བྱེད་པའི་མི་ཚོགས་དང་སྡེ་ཁུལ་བཅས་ཀྱི་ཁྲོད་ཏོག་གསར་རིམས་ནད་ཕོག་ཚད་དང་ཤི་ཚད་དེ་བས་མཐོ་པོ་ཡོད། “ཏོག་གསར་རིམས་འགོག་སྨན་ཁབ་ལག་བསྟར་གྱི་འཆར་གཞི”བཏོན་རྗེས་མིག་སྔར་རྒྱལ་ཁབ་དེ་བས་མང་བར་རིམས་འགོག་སྨན་ཁབ་རག་འགོ་ཚུགས་ཡོད་མོད། འོན་ཀྱང་ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་ཁྲོད་མི་མང་དག་ཅིག་རིམས་འགོག་སྨན་ཁབ་མི་སྒུག་ཀ་མེད་བྱུང་ཡོད། འདྲ་མཉམ་མིན་ལ་ཀུན་སྤྱོད་དང་མི་མཐུན་པའི་བྱེད་སྤྱོད་འདི་རིགས་ལས་འཛམ་གླིང་མི་དམངས་ཀྱི་བདེ་ཐང་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཉེན་ཁའི་གནས་སུ་གྱར་རྒྱུ་རེད་ཅེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོལ།