དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་མི་འབོར་གྱིས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་མི་འབོར་གྱི་70%ཡན་བཟུང་བ།

སྤེལ་དུས 2021-04-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
            ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་པོའི་ཚད་གཞི་ལྟར་རྩིས་བརྒྱབ་ན། ཀྲུང་གོའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7.7དབུལ་སྒྲོལ་ཐུབ་པ་དང་། འཛམ་གླིང་དངུལ་ཁང་གི་རྒྱལ་སྤྱིའི་དབུལ་པོའི་ཚད་གཞི་གཞིར་བཟུང་། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་མི་འབོར་གྱིས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་མི་འབོར་གྱི་70%ཡན་བཟུང་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ཧ་ཅང་མགྱོགས་སུ་ཕྱིན་ཡོད་པ་རེད།
            རྒྱབ་ཤ་དཀར་པོའི་དེབ་ནང་མངོན་པར། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལས་རྣམ་པར་རྒྱལ་ནས་ལོ་བཅུ་སྔ་སྣུར་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ》གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱུང་ནས་འཛམ་གླིང་གི་མི་འབོར་དབུལ་པོ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་རེད། འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོར་མགྱོགས་མྱུར་འཕེལ་རྒྱས་དང་གཞི་ཁྱོན་ཆེ་བའི་དབུལ་པོ་ཉུང་གཏོང་གོམ་སྟབས་གཅིག་མཚུངས་བྱུང་བ་དང་དཔལ་འབྱོར་ཕྱོགས་སྒྱུར་དང་དབུལ་པོ་དབུལ་རྐྱང་སེལ་བའི་གོམ་སྟབས་གཅིག་མཚུངས་བྱུང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་ཡོད།
            ལོ་མང་རིང་ཀྲུང་གོས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་སོགས་ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་160ལྷག་ཙམ་ལ་རོགས་སྐྱོར་སྣ་ཚོགས་བྱས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བུ་ལོན་ཆག་ཡང་དང་རྩ་ཆག་བཏང་ཡོད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་པའི་གྲོས་འགོ་བཏོན་ནས་འབྲེལ་ཡོད་རྒྱལ་ཁབ་ལ་དེ་བས་ལེགས་པའི་སྒོ་ནས་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད་པ་རེད། འཛམ་གླིང་དངུལ་ཁང་གི་ཞིབ་འཇུག་སྙན་ཞུ་གཞིར་བཟུང་། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་པ་ལས་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་ཁྲི་760ཤིན་ཏུ་དབུལ་བའི་གནས་ལས་སྒྲོལ་ཐུབ་པ་དང་མི་ཁྲི་3200དབུལ་པོ་འབྲིང་གྲས་ལས་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།