དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“ཀྲུང་གུང་གིས་མི་དམངས་ལ་ཕན་བདེ་བསྐྲུན་པའི་དཔེ་ང་ལ་མང་པོ་བརྗོད་རྒྱུ་ཡོད”

དབྱིན་ཇི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་མིག་ནང་གི་ལོ་བརྒྱའི་ཀྲུང་གུང་།

སྤེལ་དུས 2021-04-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཇི་ལྟར་བྱས་ནས་སྐད་ཆ་ཚིག་གཅིག་གིས་ཁྱེད་ཀྱི་མིག་ནང་གི་ཀྲུང་གོ་གུང་ཁྲན་ཏང་ངོ་སྤྲོད་བྱེད་དམ་ཞེས་དྲིས་པར། དབྱིན་ཇི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ལུའོ་པོ་ཐེ·ཀེ་ལི་ཧྥེ་སི་ཡིས“འདི་ནི་མི་དམངས་ཀྱི་སྲིད་ཏང་ཞིག་ཡིན། སྲིད་ཏང་འདིས་བབ་བསྟུན་གྱི་ཐབས་ཇུས་དང་འགྱུར་མེད་ཀྱི་རྩ་དོན་ལ་བརྟེན་ནས། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་ཀྱི་ཡོད”ཅེས་ལན་བཏབ་པ་རེད།
          1998ལོ་ནས་བཟུང་དབྱིན་ཇི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀེ་ལི་ཧྥེ་སི་ནི་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བ་ཞིག་ཡིན་ལ། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་ལ་དུས་ཡུན་རིང་པོ་དོ་སྣང་བྱས་ཡོད་པ་རེད།
          ཀེ་ལི་ཧྥེ་སི་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བརྙན་ལམ་འབྲེལ་མཐུད་ཀྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་མཚོན་ན། འདས་པའི་ལོ་བརྒྱའི་ནང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པས་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཀྲུང་གུང་གིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོའི་སྣེ་ཁྲིད་དེ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པའི“རྩ་བའི་མན་ངག”ནི་དུས་དང་རྣམ་པ་ཀུན་ཏུ་རྒྱ་ཆེའི་མི་དམངས་དང་འབྲེལ་བ་དམ་ཟབ་བྱས་ནས། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དེ་ནམ་ཡང་མ་བརྗེད་པས་མི་དམངས་ཀྱི་ཚད་མཐོའི་ཡིད་ཆེས་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཅེས་བརྗོད་པ་རེད།
          ཁོང་གིས། མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་རྐྱེན། ཀྲུང་གུང་གིས་ཀྲུང་གོ་བ་དུང་ཕྱུར་བཅུ་ཕྲག་ལ་གཞི་ནས་སྐུལ་སློང་བྱེད་ཐུབ་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐུབ་པ་དང་དབུལ་པོ་དབུལ་རྐྱང་སེལ་བ་སོགས་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
          འདི་ལོ་ལོ་69ལ་སོན་པའི་ཀེ་ལི་ཧྥེ་སི་ནི་དབྱིན་ཇིའི་ཝེར་ཧྲི་རུ་འཁྲུངས་ཤིང་། དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་ཝེར་ཧྲི་སྤྱི་ཚོགས་རིང་ལུགས་སྲིད་ཏང་ནང་ཞུགས་ནས། དབྱིན་ཇིའི་སྤྱི་ཚོགས་རིང་ལུགས་ལས་འགུལ་གྱི་གཙོ་འཛིན་དུ་གྱུར་ཅིང་། དབྱིན་ཇི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་བྱས་ཚུན། ཀྲུང་གོར་འཚམས་འདྲིར་ཐེངས་མང་ཕེབས་ནས། ཀྲུང་གོའི་མགྱོགས་མྱུར་འཕེལ་རྒྱས་ལ་བག་ཆགས་ཟབ་མོ་བྱུང་ཡོད་པ་རེད། ཁོང་གིས། ཀྲུང་གོ་འཕེལ་རྒྱས་མྱུར་པོ་བྱུང་བ་དེ་རྨང་གཞིའི་སྒྲིག་བཀོད་དང་། འགྲིམ་འགྲུལ་མ་ལག ལྗང་མདོག་ཐོན་ཁུངས་སོགས་ཀྱི་ཐད་ནས་མངོན་གྱི་ཡོད་པ་མ་ཟད། མི་དམངས་ཀྱི་སྤྱི་ཚོགས་ཕན་བདེའི་ཐད་ནས་དེ་བས་ཀྱང་མངོན་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
          ཁོང་གིས་རང་ཉིད་དེ་སྔོན་འགྲོ་མྱོང་བའི་ཀྲུང་གོའི་གྲོང་ཚོ་ཞིག་ལ་ཕྱིར་དྲན་བྱེད་སྐབས། “གཏེར་འདོན་ལས་རིགས་ཀྱི་རྐྱེན་པས་ཉམས་རྒུད་དུ་ཕྱིན་པའི་གྲོང་ཚོ་ཞིག་སྟེ། ད་ཆ་ང་སྡོད་སའི་ཝེར་ཧྲི་ལྷོ་རྒྱུད་ཀྱི་གྲོང་ཚོ་འདི་དང་གཅིག་མཚུངས་རེད” ཡིན་ན་ཡང་ས་གནས་དེ་གའི་སྲིད་གཞུང་གི་བཅོས་སྐྱོང་འོག ཀྲུང་གོའི་གཏེར་འདོན་གྲོང་ཚོ་རྙིང་པ་འདིར་ད་ཆ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ཅེས་བརྗོད་པ་རེད།
          “བཟོ་ལས་སྒྲིག་བཀོད་གསར་པ་དང་། སྡོད་ཁང་གསར་པ། རྨང་གཞིའི་སྒྲིག་བཀོད་གསར་པ། ཐ་ན་ཆུ་ལམ་ཡང་བཤངས་ནས་ཡག་པོ་བཟོས་ཡོད་པ་དང་། ས་གནས་དེ་གའི་གྲོང་མི་ཞིག་གིས་ང་ཚོའི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ང་ཚོ་མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཚོ་འདིར་སྡོད་རྒྱུ་བྱུང་བར་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་ཅེས་ང་ལ་བཤད་བྱུང” “ཀྲུང་གུང་གིས་མི་དམངས་ལ་ཕན་བདེ་བསྐྲུན་པའི་དཔེ་འདི་རིགས་ངས་ད་དུང་མང་པོ་བརྗོད་ཐུབ”ཅེས་ཀེ་ལི་ཧྥེ་སི་ཡིས་བརྗོད་པ་རེད།
          དབྱིན་ཇི་གུང་ཁྲན་ཏང་གི་འགོ་ཁྲིད་གཙོ་བོ་ཞིག་ཡིན་པའི་ཆ་ནས། ཀེ་ལི་ཧྥེ་སི་ཡིས་དབྱིན་གུང་དང་ཀྲུང་གུང་གིས་ཕན་ཚུན་སྤེལ་རེས་དང་མིག་དཔེ་འཛིན་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་པ་རེད།
          ཁོང་གིས། ཕྱོགས་གཉིས་ཀྱི་འཐུས་མི་ཚོགས་པས་ཕན་ཚུན་འཚམས་འདྲི་མང་པོ་བྱས་པ་དང་བསྟུན་ནས། ཏང་གཉིས་ཀྱི་འབྲེལ་བ་ཉེ་བའི་ལོ་20རིང་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། “ཀྲུང་གུང་དང་སྤེལ་རེས་བྱེད་པར་རིན་ཐང་ཧ་ཅང་ཆེན་པོ་ཡོད། དེས་ང་ཚོས་ཀྲུང་གོའི་སྤྱི་ཚོགས་དང་། སྲིད་ཏང་། སྲིད་གཞུང་བཅས་ཤེས་རྟོགས་བྱ་རྒྱུར་ཕན་པ་མ་ཟད། ད་དུང་ང་ཚོས་དབྱིན་ཇིར་ཀྲུང་གོ་ཇི་མ་ཇི་བཞིན་ངོ་སྤྲོད་དེ་བས་ཡག་པོ་བྱེད་ཐུབ”ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།