ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་འདིའི་མི་ས་ཡ་གཅིག་ཁྱིམ་གཞིས་ཤོར་ནས་ཡུལ་གྱར་བར་གྱུར་འདུག

སྤེལ་དུས 2022-09-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སོ་མ་ལིའི་ཙུང་ཐུང་གི་ཐན་འགོག་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཝར་ས་མ་ཡིས་མིག་སྔར་སོ་མ་ལིའི་ཐན་སྐྱོན་ཧ་ཅང་ཚབས་ཆེ་བ་དང་། བྱིས་པ་དང་བུད་མེད། རྒན་རྒོན་ བཅས་མི་ས་ཡ་གཅིག་ལྷག་ཐན་སྐྱོན་གྱིས་རྐྱེན་པས་ཡུལ་གྱར་དུ་སོང་ཡོད་ལ། སོ་མ་ལིར་ལོ20ཡི་རིང་གི་མི་ཆོས་རིང་ལུགས་ཀྱི་གོད་ཆག་ཆེ་ཤོས་འཕྲད་ཡོད་ཅེས་བརྗོད་འདུག 
     ཝར་ས་མ་ཡིས་སོ་མ་ལིར་ཆར་དུས་བཞིའི་རིང་བསྟུད་མར་ཆར་བ་མ་བབས་པས་གོད་ཆག་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད་ཅིང་། གལ་ཏེ་འཆར་ཉེར་ཡོད་པའི་ཆར་དུས་སུ་ད་དུང་ཡང་ཆར་པ་མ་བབས་ཚེ་གཞི་ཁྱོན་ཆེ་བའི་མུ་གེ་ལས་གཡོལ་ཐབས་བྲལ་ཞེས་བརྗོད། 
     ཁོང་གིས་སྤྱི་ལོ2022ལོར་སོ་མ་ལིའི་མི་ཆོས་རིང་ལུགས་ཀྱི་ཁ་གཏད་གཅོག་པའི་འཆར་གཞིར་མ་དངུལ་གྱི་ཡོང་འབབ68%ཐོབ་མོད།འོན་ཀྱང“ད་དུང་ཡང་སྟོང་ཆ་ཆེན་པོ་འདུག”ཅེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།