ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2023ལོར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ།

སྤེལ་དུས 2024-04-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར། གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། 2023ལོར་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད།
  རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཐད། 2023ལོར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་ཕྲ་རྡུལ(PM2.5)གྱི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་30ཟིན་པ་དེ་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་32.9ཡི་ལོ་འཁོར་གྱི་དམིགས་ཚད་ལས་ལེགས་པ་ཡོད་པ་དང་ལོ་བཞི་བསྟུད་མར་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་35ལས་དམའ་བ་ཡོད།
  ཆུའི་ཁོར་ཡུག་སྤུས་ཚད་ཐད། 2023ལོར་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་ཆུ་སྤུས་ལེགས་པའི(རིགས་Ⅰ—Ⅲ)བཅད་ཁའི་བསྡུར་ཚད་89.4%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.5འཕར་བ་དང་། སྤུས་ཞན་རིགས་Vཀྱི་བཅད་ཁའི་བསྡུར་ཚད་ནི་0.7%ཟིན་ཡོད། འབྲི་ཆུ་དང་རྨ་ཆུའི་ཆུ་གཞུང་ཨ་མ་ཧྲིལ་པོའི་ཆུའི་སྤུས་ཚད་རིགས་IIཔ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཡོངས་ཀྱི་མཚོ་འགྲམ་མཚོ་ཁོངས་ཀྱི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
  ས་རྒྱུའི་ཁོར་ཡུག་སྤུས་ཚད་ཐད། 2023ལོར་རྒྱལ་ཡོངས་སུ་སྦགས་བཙོག་ཐེབས་པའི་རྨོ་ཞིང་དང་གཙོ་གནད་འཛུགས་སྐྲུན་ལ་སྤྱད་པའི་ས་ཆ་བདེ་འཇགས་ངང་བེད་སྤྱོད་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱས་པ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང(དོ་དམ་ཚོད་འཛིན)བྱེད་ཚད་40%ཡན་ཟིན་ཡོད་པ་རེད།
  སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་གཞན་དག་ཐད། 2023ལོར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྤུས་ཚད་གནས་ཚུལ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་། གྲོང་ཁྱེར་གྱི་སྒྲའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ། ཁོར་ཡུག་གི་ཉེན་ཁ་ཚོད་འཛིན་ནུས་ལྡན་བཅས་ཐུབ་ཡོད།