ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧན་ཀྲེང་གིས་ཧོ་ལན་གོང་མ་ཚང་གི་ཧྥེ་ལི་ཕུའུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཅ་པོ་རུའེ་དང་མཇལ་འཛོམས་གནང་བ།

སྤེལ་དུས 2024-04-07 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་ཧོ་ལན་གོང་མ་ཚང་གི་ཧྥེ་ལི་ཕུའུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཅ་པོ་རུའེ་དང་མཇལ་འཛོམས་གནང་བ་རེད།
  ཧན་ཀྲེང་གིས་གསུངས་དོན། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པའི་མཆོག་ནོར་གལ་ཆེན་ཞིག་ཡིན་པར་བསྐྱར་དུ་ནན་བཤད་གནང་ཡོད། ཀྲུང་གོའི་སྒྱུར་བཅོས་བྱེད་མཚམས་འཇོག་མི་སྲིད་ལ་སྒོ་དབྱེའི་གོམ་སྟབས་ཀྱང་སྤོ་མཚམས་འཇོག་མི་སྲིད། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དེས་དུས་རབས་གསར་པར་ལེའུ་གསར་པ་མུ་མཐུད་བརྩམས་ནས་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། འདི་ལོ་ནས་བཟུང་ཀྲུང་གོའི་དཔལ་འབྱོར་འགོ་ཡག་པོ་ཞིག་བཙུགས་ཡོད་པ་དེ་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་སྟེ་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་པོའི་རང་བཞིན་དེ་བས་མང་བ་བསྣན་ནས་ཧྥེ་ལི་ཕུའུ་ཀུང་སི་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་རྒྱུ་རེད།
  ཅ་པོ་རུའེ་ཡིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་བྱས་ཤིང་། ཁོང་གིས་ཧྥེ་ལི་ཕུའུ་ཀུང་སིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་གོ་སྐབས་ཆེན་པོར་ལྟ་སྟངས་ཡག་པོ་བཟུང་ནས་ཀྲུང་གོའི་ཁྲོམ་ར་མུ་མཐུད་ཟབ་ཏུ་བཏང་སྟེ་ཧོ་ཀྲུང་གི་སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།