ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ནང་སོག་གི་མུའུ་དུང་ཕྱུར་9.7ཟིན་པའི་རྩྭ་ར་བསྙལ་རྒྱུ་ཡིན་པ།

སྤེལ་དུས 2024-04-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་4ཚེས་1ཉིན་གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། དཔྱིད་དུས་ནི་རྩྭ་ཐང་དུ་གཟན་རྩྭ་སྔོ་ལོག་རྒྱག་པའི་དུས་ཡིན་པས་རྩྭ་ཐང་ཁྲིམས་ལྟར་སྲུང་སྐྱོང་བྱ་ཆེད། ཟླ་4པ་ནས་བཟུང་། ནང་སོག་ཡོངས་ཀྱི་རྩྭ་ཐང་མུའུ་དུང་ཕྱུར་9.7ལ་རྩྭ་ཁ་གསོ་རྒྱུ་ཡིན་ཞིང་། དེའི་ནང་ཕྱུགས་རྒྱ་སྡོམ་ཁུལ་རྩྭ་ཐང་མུའུ་དུང་ཕྱུར་3.8ལ་ལོ་འཁོར་མོར་རྩྭ་ཁ་བཀག་རྒྱུ་ཡིན་པ་དང་། རྩྭ་ཕྱུགས་དོ་སྙོམས་ཁུལ་གྱི་རྩྭ་ཐང་མུའུ་དུང་ཕྱུར་5.9ལ་ཉིན་45ལས་མི་ཉུང་བའི་དཔྱིད་དུས་ཀྱི་རྩྭ་ར་སྙོལ་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་དུས་རྩྭ་ར་བསྙལ་ན་ཕྱུགས་རིགས་ཀྱིས་གཟན་རྩྭ་ལྡད་རྒྱག་པ་དང་རྡོག་རྫིས་རྒྱག་ཚད་ཉུང་དུ་ནུས་ལྡན་གཏོང་ཐུབ་པས། གཟན་རྩྭ་སྔོ་ལོག་རྒྱག་པ་དང་མུ་མཐུད་སྐྱེ་འཚར་ལ་ཕན་ནས་གཟན་རྩྭའི་ཐོན་འབབ་མཐོ་རུ་འགྲོ་བ་དང་རྩྭ་ཐང་ལ་སྲུང་སྐྱོང་གི་ནུས་པ་ཐོན་ཐུབ།
  ཉེ་བའི་ལོ་ཤས་རིང་། ནང་སོག་གིས་རྩྭ་ཕྱུགས་དོ་སྙོམས་དང་རྩྭ་ཁ་བཀག་པ་དང་རྩྭ་ར་སྙོལ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་རྩྭ་ཁ་བཀག་ཁུལ་དང་རྩྭ་ཕྱུགས་དོ་སྙོམས་ཁུལ་གཏན་འཁེལ་བྱས་པ་རེད། ལྷག་པར་དུ་ཤིས་ལིན་ཀུའོ་ལེ་མོང་གིས་2018ལོ་ནས་བཟུང་ནང་སོག་ཏུ་དཔྱིད་དུས་ཀྱི་ཕྱུགས་རྩྭ་སྔོ་ལོག་རྒྱག་པའི་དུས་ཀྱི་རྩྭ་ར་སྙོལ་བའི་སྲིད་ཇུས་སྔོན་ལ་ལག་བསྟར་བྱས་ནས་འབྲོག་པར་ཁ་གསབ་སྤྲད་དེ་ཁོང་ཚོས་རང་ཁྱིམ་གྱི་སྒོ་ཕྱུགས་ལྷས་རར་བཅུག་ནས་རྩྭ་ཁ་གསོ་བར་རྒྱབ་སྐྱོར་བྱས་པ་རེད།