ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ།

སྤེལ་དུས 2024-04-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་4ཚེས་3ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་སུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཅིན་གོ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ནུས་ཤུགས་ཡོད་རྒུས་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། མི་དམངས་མང་ཚོགས་ལ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་ཉེ་འགྲམ་ནས་ཏན་ཏིག་ཚོར་བ་དང་གཞུང་དྲང་དྲང་བདེན་ཉེ་འགྲམ་ནས་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ལིའུ་ཅིན་གོ་ཡིས་གསུངས་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་བཅོས་སྒྲིག་བྱེད་པ་ནི་མི་སེར་ཚོས་རེ་སྒུག་བྱེད་པའི་ལས་དོན་དངོས་ཤིག་དང་ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བྱ་སྤྱོད་གང་མགྱོགས་སྤེལ་བ་དང་། ཁུངས་སྣེ་ཐག་གཅོད་ལ་དམ་འཛིན་ཡག་པོ། གྱོད་གཞི་སྒྲུབ་གཉེར་ལ་སྐུལ་འདེད་ཤུགས་ཆེན། སྤྱོད་ཚུལ་ཡོ་བསྲང་དང་ཟང་ཟིང་བཅོས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ནས། མང་ཚོགས་ཉེ་འགྲམ་གྱི་གནད་དོན་དངོས་ཁག་གཅིག་གཅིག་སྡུད་ཐོག་ཐག་གཅོད་བྱེད་དགོས། འབྲེལ་ཡོད་ཁྱབ་རྒྱ་ཆེ་བ་དང་ཤུགས་རྐྱེན་ངན་པ་ཐེབས་པའི་གནད་དོན་ལ་རྩད་ཞིབ་ཐག་གཅོད་ནན་པོ་དང་ཞིབ་བཤེར་ཁ་གསལ་བྱེད་དགོས། བསམ་འཆར་ཞིབ་ཅིང་ཕྲ་བ་དང་ཆ་རྐྱེན་འཛོམས་རིགས་འཕྲལ་ཐག་ཆོད་པོས་གྱོད་དོན་ཐོ་འགོད་བྱས་ཏེ་མགྱོགས་མྱུར་ཐོད་བརྒལ་ཡོང་བ་བྱེད་དགོས། དཀའ་གནད་དང་རྙོག་འཛིང་ཆེ་བ་དང་། དེ་བཞིན་འགལ་རྐྱེན་མང་བ་དང་འགོག་རྐྱེན་ཆེ་བ་བཅས་ཀྱི་གྱོད་གཞི་སྒྲིག་ཨུད་ཀྱི་ཧྲུའུ་ཅིས་ཐད་ཀར་བཀོད་འདོམས་དང་གཅིག་སྡུད་འགག་སྒྲོལ་བྱེད་དགོས། སྲོལ་བཟང་དང་རུལ་རྒོལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་ཀྱིས་ལྟ་སྐུལ་དང་། གྱོད་སྒྲུབ། དག་ཐེར། བཅོས་སྐྱོང་བཅས་སྦྲེལ་མཐུད་བྱས་ཏེ། ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་ཏན་ཏིག་གཏོང་དགོས།