ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དམངས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པར་སྤྱི་ཡོངས་ཀྱི་ལྟ་བ་ཡོད་དགོས།

སྤེལ་དུས 2024-04-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་4ཚེས་1ཉིན། “ཧྲང་ཧའེ་ཡི་འགྲིམ་འགྲུལ་ཉེན་རྟོག་པ”ཞེས་པའི་APPཡིས་ཞབས་འདེགས་ཞུ་མཚམས་དངོས་སུ་བཞག་ཅིང་། འབྲེལ་ཡོད་བྱེད་ནུས“དུས་ཐོག་སྒྲུབ་ཞུའི་གྲོང་མིའི་སྤྲིན་དྲ”ཞེས་པའི་APPཡི་ནང་དུ་ཕྱོགས་ཡོངས་ནས་འདུས་ཡོད། དེ་གོང“ཧྲང་ཧའེ་ཡི་འགྲིམ་འགྲུལ་ཉེན་རྟོག་པའི”ཆེད་དོན་ཁུལ་དེ་ཉིད“དུས་ཐོག་སྒྲུབ་ཞུའི་གྲོང་མིའི་སྤྲིན་དྲ”ཞེས་པའི་APPཡི་ནང་སྤྱོད་འགོ་ཚུགས་ཤིང་། དེའི་ནང་དེ་གོང་གི་བྱེད་ནུས་ཚང་མ་ཚུད་པ་མ་ཟད། ད་དུང་འབྲེལ་ཡོད་ཀྱི་བྱེད་ནུས་ཀྱང་ལེགས་སུ་བཏང་ཡོད། དཔལ་འབྱོར་དང་སྤྱི་ཚོགས་གྲངས་འཛིན་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོའི་འོག སྤྱོད་གོ་ཆུང་བ་དང་ཆོ་མེད་པའི་རིགས་ཉུང་དུ་གཏོང་བ་དང་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱེད་ཐབས་དེས་སྲིད་དོན་ཞབས་ཞུའི་བྱ་བ་གཅིག་སྡུད་ཐོག་སྒྲུབ་པའི་གོམ་སྟབས་གལ་ཆེན་སྤོས་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གློག་རྡུལ་སྲིད་དོན་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། བརྒྱུད་རིམ་ཧྲིལ་པོ་གཞི་གཅིག་ཅན་གྱི་དྲ་ཐོག་ཞབས་ཞུའི་ལས་སྟེགས་བསྐྲུན་ནས། ཁེ་ལས་དང་མང་ཚོགས་ཀྱིས་ལབ་གླེང་མང་བའི་བྱ་བ་སྒྲུབ་དཀའ་བ་དང་། བྱ་བ་སྒྲུབ་འགོར་བ། བྱ་བ་སྒྲུབ་དུས་རྙོག་དྲ་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་དེ་བས་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད། འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གང་མགྱོགས་བྱེད་དགོས། ‘ལས་ཕྱོད་ཆེན་པོས་བྱ་བ་སྒྲུབ་པར’སྐུལ་འདེད་གཏོང་རྒྱུ་སྣེ་འདྲེན་དུ་བྱས་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གྲངས་གཞི་ཅུས་འཛུགས་པ་ནས་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི“དྲ་གཅིག་ཀུན་སྒྲུབ”ཀྱི་ལྟེ་བའི་ནུས་པ་གང་ལེགས་འདོན་པའི་བར་དང་། དེ་ནས་ས་གནས་ཁག་གིས“མང་ཤོས་ལའང་ཐེངས་གཅིག་ལས་འགྲོ་མི་དགོས་པ”དང“ས་ཚུགས་གཅིག་ནས་དོན་དག་ལེགས་པར་སྒྲུབ”པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བར་ལ། ཞབས་ཞུའི་གདང་བསྒྱུར་རྒྱུན་ཆད་མེད་པར་རིམ་སྤོར་མགྱོགས་པོ་བྱུང་ནས་སྲིད་དོན་ཞབས་ཞུ་དེ་བས་གཅིག་སྡུད་ཆེན་པོ་དང་ལས་ཕྱོད་ཆེན་པོ་ཡོང་བར་བྱས་ཡོད། དེས་ང་ཚོར་གྲངས་འཛིན་གྱི་བཀག་རྒྱ་བསལ་ནས་ཕྱོགས་ཁག་མཉམ་འགུལ་དང་སྡེ་ཚན་མཐུན་སྦྱོར་གྱི་སྤྱིའི་མཉམ་ཤུགས་ཤིག་ཆགས་པ་བྱེད་པའི་འགག་རྩ་དེ། དམངས་ལ་བྱ་བ་དངོས་སྒྲུབ་སྐབས་སྤྱི་ཡོངས་ཀྱི་ལྟ་བ་ལྡན་མིན་ལ་ཐུག་པ་གསལ་པོར་བསྟན་ཡོད།
  “ཕྱོགས་ཡོངས་ལ་བསམ་ཤེས་མེད་པའི་མིས། བྱ་བའི་ཁྱབ་ཁོངས་གཅིག་ཀྱང་འགྲུབ་པར་དཀའ” དཔེར་ན། སློབ་གསོ་དང་། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ཕྱིན། སྡེ་ཚན་གང་ཞིག་གིས་རང་ཉིད་ཀྱི་སྟོབས་ཤུགས་རྐྱང་པར་བརྟེན་ན་ལེགས་པར་སྒྲུབ་དཀའ་བས། རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་དང་མཐུན་སྦྱོར་གཞོགས་འདེགས་བྱེད་དགོས། ཡང་དཔེར་ན། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་མགྱོགས་པོ་བྱ་རྒྱུ་ནི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཟོས་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་ཞིང་། དེས་དོན་དུ་གཉེར་བ་ནི་ཕུགས་འདུན་གྱི་ཇུས་གཞི་དང་དམངས་འཚོའི་ཁེ་ཕན་ཆེན་པོ་ཡིན་པས། ས་གནས་ཀྱི་སྲུང་སྐྱོབ་དང་ས་ཁོངས་ཀྱི་བཀག་རྒྱ་མེད་པར་བཟོས་ན། ད་གཟོད་ཚོང་ཟོག་གི་རྒྱུ་ཆ་གཙོ་བོའི་ཐོན་ཁུངས་འགྲོ་རྒྱུག་བདེ་བླག་ཡོང་བར་སྐུལ་འདེད་གཏོང་ཐུབ། སྤྱི་ཡོངས་ནས་འགོ་ཚུགས་པ་དང་སྤྱི་ཡོངས་ནས་བསམ་གཞིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་ཉིད་ཀྱི་འགན་ནུས་ཀྱི་ངེས་གནས་དང་ལས་ཀའི་ཤུགས་རྒྱག་ས་འཕྱུགས་མེད་ངང་བཙལ་ཏེ། རྩིས་ཞིབ་པོ་དང་རྩིས་ཆེན་པོ་བརྒྱབ་ཚེ་གཞི་ནས་བྱ་བ་བཟང་པོ་ཡག་པོ་སྒྲུབ་ཐུབ་པ་དང་། བྱ་བ་དངོས་ཏན་ཏིག་སྒྲུབ་ཐུབ་པ། བྱ་བ་ཁག་པོ་ཚད་རན་པོ་སྒྲུབ་ཐུབ།
  དམངས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པའི་འགག་རྩ་བྱ་སྤྱོད་དང་ཕན་འབྲས་ལ་ཐུག་ཡོད། སྤྱི་ཡོངས་ཀྱི་ལྟ་བ་འཛུགས་པར་ངེས་པར་དུ་ཕན་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་གནས་ཁ་ཤས་སུ་སྔར་བཞིན་སྲིད་དོན་APPབསྐྱར་འཛུགས་ཀྱི་སྣང་ཚུལ་ཐོན་པ་དང་། ཡང་ན་འབྲེལ་གཏུག་དང་མཐུན་སྦྱོར་ཡག་པོ་མ་བྱུང་བའི་རྐྱེན་གྱིས་གྲངས་འཛིན་གྱི་བཀག་རྒྱ་ཆགས་པ། ཡང་ན་གྲངས་འཛིན་གྱི་དོ་དམ་དང་འཁོར་རྒྱུག་ཚད་གཞི་གཅིག་གྱུར་མ་བྱུང་བའི་རྐྱེན་གྱིས་མང་ཚོགས་ལ་རེའུ་མིག་ཡང་སྐོར་བསྐྱར་སྐོར་ངང་འགོད་འཇུག་གི་ཡོད། གནད་དོན་དེ་དག་ཐོན་དོན་མཐར་གཏུགས་ནས་བཤད་ན། མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྟབས་བདེ་ཡོང་ཆེད་དང་ལས་ཆོད་ཆེ་རུ་གཏོང་བར་བསམ་བློ་བཏང་མེད་པ་དང་། དེ་བཞིན་དངོས་འབྲེལ་དྲང་འབྲེལ་གྱི་སྒོ་ནས་དོན་དངོས་སྒྲུབ་པ་དང་། དོན་དངོས་གཉེར་བ། ཕན་འབྲས་ངོ་མ་ཐོབ་པ་བཅས་བྱས་མེད་པས་རེད། འདིས་ང་ཚོར་བླང་བྱ་བཏོན་པར། གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། དོན་དག་སྒྲུབ་སྐབས་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་པ་དང་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ཏེ། བྱ་བ་བཟང་པོ་དང་བྱ་བ་དངོས་ཟེར་བ་གང་ཞིག་ཡིན་པ་ཤེས་པར་བྱེད་དགོས་པ་དང་མང་ཚོགས་ཀྱིས་གླེང་མང་བའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲོད་ནས་འགག་གནད་སྒྲོལ་ས་དང་ལེགས་བཅོས་བྱེད་ཕྱོགས་འཚོལ་དགོས། དེ་དང་ཆབས་ཅིག ངེས་པར་དུ་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་བཅོས་སྐྱོང་ལས་དོན་གྱི“ཕྱི་དབྱིབས”ལ་སྣང་ཆེན་བྱེད་པ་ལས“ཕན་འབྲས”ལ་སྣང་ཆེན་མི་བྱེད་པ་དང་། “རྗེས་ཤུལ”ལ་སྣང་ཆེན་བྱེད་པ་ལས“གྲུབ་འབྲས”ལ་སྣང་ཆེན་མི་བྱེད་པའི་ནོར་འཁྲུལ་གྱི་ཕྱོགས་ལྷུང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ་སྟེ། མཐོང་རྒྱུ་ཡོད་པའི་མངོན་གསལ་གྱི་ལས་རྗེས་དང་བྱས་རྗེས་འཇོག་དགོས་ལ་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཕྱོགས་ཡོངས་ལེགས་སུ་དང་མཐོ་རུ་གཏོང་བར་ཕན་པ་བཅས་ཀྱི་མངོན་མེད་ཀྱི་ལས་རྗེས་དང་བྱས་རྗེས་དེ་བས་ཀྱང་འཇོག་དགོས།