ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

འབྲུབ་འགོག་གི་རིམ་བཞིའི་འཕྲལ་སྡོམ་བརྡ་ལན་གཏོང་འགོ་ཚུགས་པ།

སྤེལ་དུས 2024-04-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་བརྙན་ལམ་གྱི་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། ཧྥུའུ་ཅན་དང་། ཅང་ཤིས། ཀོང་ཏུང་སོགས་ཞིང་ཆེན་དང་བརྙན་ལམ་འབྲེལ་མཐུད་བྱས་ནས་དྲག་ཆར་གྱི་གནོད་འཚེར་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་བྱས་ཤིང་། ཚེས་4ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པར་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཧྥུའུ་ཅན་དང་། ཅང་ཤིས། ཀོང་ཏུང་བཅས་ཞིང་ཆེན་3གྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་དང་། འབྲི་ཆུ་དང་། ཀྲུའུ་ཅང་གཙང་པོ། ཐེ་ཧུའུ་མཚེའུ་སོགས་རྒྱུག་ཁུལ་གྱི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་འབྲུབ་འགོག་གི་རིམ་བཞིའི་འཕྲལ་སྡོམ་བརྡ་ལན་གཏོང་འགོ་ཚུགས་པ་དང་སྦྲགས། དེ་གའི་མཚན་མོར་ལས་དོན་ཚོགས་ཆུང་འབྲེལ་ཡོད་ས་ཁུལ་གྱི་འབྲུབ་འགོག་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་མངགས་པ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འབྲེལ་ཡོད་ས་ཁུལ་གྱིས་གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ལ་དོ་ཁུར་ཟབ་མོ་བྱས་ནས་མཉམ་དུ་གྲོས་མོལ་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ། ཕ་ཡུལ་དུ་ལོག་ནས་དུར་འཕྱག་མཁན་དང་། ཕྱིར་ཡུལ་སྐོར་དུ་སྐྱོད་མཁན། ལས་ཡུལ་དུ་ཨར་པོ་རྒྱུག་མཁན་སོགས་ཀྱི་ཕྱོགས་མིའི་འབྲུབ་འགོག་དང་བདེ་སྲུང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།