དཔེ་ཀློག་གི་དྲི་ཞིམ་ལྷང་ལྷང་འཐུལ།
སྤེལ་དུས 2025-04-22
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
“4·23”གྱི་འཛམ་གླིང་དཔེ་ཀློག་ཉིན་མོ་འཆར་ལ་ཉེ་བའི་མཚམས་སུ། ཉང་བྲན་ལམ་ཤིན་ཧྭ་དཔེ་ཚོང་ཁང་གི་དཔེ་ཀློག་ཚོམས་ཆེན་དང་། ཀོག་ཧྥེ་དཔེ་ཀློག་ཁང་། དཔེ་སྒྲོམ་བཅས་ཀྱི་མདུན་དུ་དཔེ་ཀློག་དང་དཔེ་དེབ་བདམས་ཉོ་བྱེད་མཁན་དཔེ་ཀློག་དགའ་ཞེན་པ་མང་པོ་ཡོད། དཔེ་ཀློག་ཟླ་བའི་བྱེད་སྒོའི་རིང་བོད་ལྗོངས་དཔེ་མཛོད་ཁང་གིས་ཤེས་བྱའི་འགྲན་བསྡུར་དང་། ཆེད་དོན་དཔེ་དེབ་འོས་སྦྱོར། གྱེར་འདོན་འགྲན་བསྡུར། དཔེ་ཀློག་གི་མྱོང་བ་གླེང་བའི་འདུ་ཚོགས་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། དམངས་ཡོངས་ཀྱི་དཔེ་ཀློག་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ནས་སྤྱི་ཚོགས་ཡོངས་སུ་དཔེ་ཀློག་ལ་དགའ་ཞེན་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་རྒྱུ་རེད། འདི་ནི་ཀློག་པ་པོས་དེབ་ཁང་དུ་ཡིག་ཆ་ལྟ་ཞོར་ཟིན་བྲིས་རྒྱག་བཞིན་པ།