དུས་ཆེན་འདིའི་རིང་འགྲུལ་བཞུད་བྱེད་ཚད་ལོ་གོང་མ་ལས་མང་དུ་སོང་བ།
སྤེལ་དུས 2025-06-05
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲུལ་བཞུད་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར་6.57ཟིན་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་2.19ཟིན་པ་དེ་སྤྱི་ལོ་2024ལོའི་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་ལས་3%འཕར་ཡོད།
སྤྱི་ཟླ་6ཚེས་2ཉིན་རྒྱལ་ཡོངས་ལྕགས་ལམ་སྐྱེལ་འདྲེན་ཐད་ཕྱིར་ལོག་འགྲུལ་པ་མང་ཤོས་ཀྱི་ཉིན་མོ་ཡིན་པ་དང་། ལྕགས་ལམ་ཚན་པས་འགྲུལ་པ་གཅིག་སྡུད་ཆེ་བའི་ལམ་ཐིག་དང་ལྕགས་ལམ་ཐོག་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་འགྲུལ་སྐྱེལ་མེ་འཁོར་1279ཁ་སྣོན་བྱས་ཡོད་པ་རེད། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་། གཞུང་ལམ་འགྲུལ་བཞུད་བྱེད་ཚད་རིམ་རྩིས་བྱས་ནས་མི་ཐེངས་དུང་ཕྱུར་6ཟིན་པ་དེ་དུས་མཚུངས་ལས་3.14%འཕར་ཡོད་པ་དང་། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཉིན་རེའི་ཆ་སྙོམས་འགྲུལ་བཞུད་བྱེད་ཚད་བསྡོམས་འབོར་ཚོད་རྩིས་བྱས་ན་རླངས་འཁོར་ཁྲི་4070ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་3%ཙམ་འཕར་ཡོད་པ། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་ཁྲི་560.1ཡིན་པ་དང་ཉིན་རེར་ཆ་སྙོམས་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་186.7ཟིན་གྱི་ཡོད།