ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལི་ཆང་གིས་ལྗར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱི་ཀྲུང་གོར་འཚམས་འདྲི་ཞུ་མཁན་ཚོགས་པ་དང་མཇལ་འཕྲད་གནང་བ།

སྤེལ་དུས 2025-06-05 ཡོང་ཁུངས། རྩོམ་པ་པོ།
  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྤྱི་ཟླ་6པའི་ཚས་3ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ལྗར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོ་ཡེ་ཡང་ཕིང་གིས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲི་ཞུ་མཁན་ཚོགས་པ་དང་མཇལ་འཕྲད་གནང་བ་རེད། 
  ལི་ཆང་གིས། ན་ནིང་སྤྱི་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་ཧྲེ་ཕོ་མའོ་དང་མཇལ་མོལ་གནང་ཞིང་། ཀྲུང་གོ་དང་ལྗར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། དུས་རབས་ཀྱི་བླང་བྱ་དང་འཚམས་པའི་དགེ་མཚན་ལྡན་པ་དང་བརྟན་ལྷིང་གི་ཀྲུང་ལྗར་འབྲེལ་བ་འཛུགས་སྐྱོང་བྱེད་པ་དམ་པ་དོན་དུ་གཉེར་རྒྱུར་མོས་མཐུན་གཅིག་གྱུར་གནང་ཡོད། ལྗར་པན་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་གང་ལེགས་ཆུད་པར་བྱེད་པ་དང་། ཕྱོགས་གཉིས་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག ཀྲུང་གོ་དང་ལྗར་པན་ཕྱོགས་གཉིས་པོས་ཉོ་ཚོང་མ་འཇོག་གི་གཞི་ཁྱོན་རྒྱ་སྐྱེད་དུ་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱ་དགོས། ལྗར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་འགྲོ་བར་མུ་མཐུད་དེ་སྐུལ་འདེད་གཏོང་བ་དང་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
  ཧོ་ཡེ་ཡང་ཕིང་གིས། ལྗར་ཕན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱིས་མུ་མཐུད་དེ་ཀྲུང་གོ་ཕྱོགས་དང་སྤེལ་རེས་རྒྱ་ཆེར་གཏོང་བ་དང་། ཕན་ཚུན་ཤེས་རྟོགས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་བརྩེ་བ་ཟབ་ཏུ་གཏོང་བ་དང་ ཕན་ཚུན་ངོས་འཛིན་ལེགས་སུ་གཏོང་བ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
  ཝུའུ་ཀྲེང་ལུང་མཇལ་འཕྲད་ནང་ཞུགས་ཡོད།