ཡིག་ཚགས་འདི་དག་ལྟ་ཀློག་དང་བེད་སྤྱོད་བྱས་ཆོག་པ་བཟོས་འདུག
སྤེལ་དུས 2025-07-10
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་ཆེད། དེ་རིང(ཚེས་7ཉིན)ནས་བཟུང་། ཀྲུང་དབྱང་ཡིག་ཚགས་ཁང་གིས་ཡིག་ཚགས་ཁང་དེའི་ནང་ཉར་ཚགས་བྱས་པའི་ཡིག་ཚགས་དཔྱད་ཡིག་ཁག་བདུན་པ་གཅིག་སྡུད་ཐོག་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཁྱོན་བསྡོམས་ཡིག་ཚགས་5ཁྲི་7སྟོང་ལྷག་ཙམ་ཡོད་ཅིང་། དེའི་ནང་ལྗར་འགོག་དམག་འཁྲུག་གི་ཆེད་དོན་ཡིག་ཚགས་4ཁྲི་ལྷག་ཙམ་ཡོད།

ཡིག་ཚགས་འདི་ནི་1931ལོའི་དགུ་པའི་བཅོ་བརྒྱད་ཀྱི་དོན་རྐྱེན་བྱུང་བའི་ཉིན་གསུམ་པར། ཀྲུང་གུང་ཀྲུང་དབྱང་གིས་སྤེལ་བའི《ལྗར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཤར་རྒྱུད་ཞིང་ཆེན་གསུམ་བཙན་བཟུང་བྱས་པའི་དོན་རྐྱེན་ཐད་ཀྱི་བསྒྲགས་གཏམ》ཡིན་ཞིང་། དེའི་ནང་དུ་ལྗར་པན་བཙན་རྒྱལ་རིང་ལུགས་ཀྱིས་དགུ་པའི་བཅོ་བརྒྱད་ཀྱི་དོན་རྐྱེན་བསླངས་པའི་འབྱུང་རྩ་སྟེ། “ཀྲུང་གོ་ནས་འཕྲོག་བཅོམ་དང་། ཀྲུང་གོའི་བཟོ་ཞིང་གསར་བརྗེར་གཉའ་གནོན་བྱས་ནས། ཀྲུང་གོ་རྦད་དེ་གང་དེའི་མི་སེར་སྤེལ་ཡུལ་དུ་བསྒྱུར་བ”བསྟན་ཡོད་པ་དང་། ལྗར་པན་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་ཅིང་། “ལྗར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཤར་རྒྱུད་ཞིང་ཆེན་གསུམ་བཙན་བཟུང་བྱས་པར་ངོ་རྒོལ་བྱ་རྒྱུ”གསལ་པོར་བཏོན་ཡོད།

1937ལོའི་ཟླ་7ཚེས་7ཉིན་གྱི་ལུའུ་ཀོའུ་ཟམ་པའི་དོན་རྐྱེན་ཏེ། ལྗར་པན་བཙན་དབང་རྒྱལ་ཁབ་ཀྱིས་སླར་ཡང་མངོན་སུམ་འཛེམ་མེད་ངང་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་སློང་སྐབས། ཀྲུང་གོ་གུང་ཁྲན་ཏང་མིས་སླར་ཡང་མི་རིགས་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་གི་འཐབ་ས་ཆེས་མདུན་མར་ལངས་ཡོད། གློག་འཕྲིན་དེའི་ནང་1937ལོའི་ཟླ་7ཚེས་8ཉིན་ཏེ། ལུའུ་ཀོའུ་ཟམ་པའི་དོན་རྐྱེན་ཐོན་པའི་ཉིན་གཉིས་པར། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ལ་བཏང་བའི་ལྗར་འགོག་དམག་འཁྲུག་གི་སྐུལ་ཡིག་ཟིན་ཐོར་བཀོད་ཡོད།
ལོ་རྒྱུས་ཀྱི་ཕྱིར་དྲན་དེ་ཡིག་ཚགས་ལས་བརྗོད་པར་བྱ་སྟེ། ཀྲུང་དབྱང་ཡིག་ཚགས་ཁང་ཀྱིས་ད་ཐེངས་ཡོངས་བསྒྲགས་བྱས་པའི་ལྗར་འགོག་དམག་འཁྲུག་གི་ཆེད་དོན་ཡིག་ཚགས་ནི། དུས་ཚོད་ཀྱི་ཐད་ནས་1931ལོའི་ཟླ་9པ་ནས་1945ལོའི་ཟླ་9པའི་བར་གྱི་ཡིག་ཚགས་ཡིན་པ་དང་། རྣམ་པའི་ཐད་ནས་གློག་འཕྲིན་དང་། སྤྱི་བསྒྲགས། ཕྱོགས་བསྡོམས། སྙན་ཞུ་སོགས་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཆབ་སྲིད་བསམ་བློ་དང་། རྩ་འཛུགས་སྐུལ་སློང་། འཐབ་ཇུས་བཀོད་ཇུས། དམག་དོན་འཐབ་རྩོད་སོགས་ཀྱི་ཐད་སྲ་ཞིང་བརྟན་པའི་འགོ་ཁྲིད་བྱས་ཚུལ་གཅིག་སྡུད་ཐོག་མངོན་ཡོད།
སྤྱི་དམངས་ནས་ཐོབ་ཐང་ལག་ཁྱེར་དང་ལས་ཀའི་ལག་ཁྱེར་སོགས་གོ་ཆོད་ལག་ཁྱེར་ཁྱེར་ཏེ་ཀྲུང་དབྱང་ཡིག་ཚགས་ཁང་གི་ཡོངས་བསྒྲགས་ཡིག་ཚགས་ལྟ་ཀློག་ཚོམས་ཆེན་དུ་ཡིག་ཚགས་དཔྱད་ཡིག་ལྟ་ཀློག་དང་བེད་སྤྱོད་བྱས་ཆོག་གི་ཡོད།