ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་11ལས་བརྒལ་བ།

སྤེལ་དུས 2025-07-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ད་ལོའི་ལོ་སྟོད་དུ། རང་རྒྱལ་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་སྤྱིའི་ཆ་ནས་འཕེལ་ཚུལ་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། དྲ་རྒྱའི་འདེགས་སྐྱོར་སྔར་བས་ནུས་ལྡན་དང་མཉམ་འདྲེས་བཀོལ་སྤྱོད་སྔར་བས་གཏིང་ཟབ་བྱུང་ཡོད།
     ལོ་སྟོད་དུ། རང་རྒྱལ་གྱི་གློག་འཕྲིན་ལས་སྒོའི་སྤྱི་འབོར་དུས་མཚུངས་ལས་9.3%འཕར་བ་དང་། གློག་འཕྲིན་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ནས་སྒོར་དུང་ཕྱུར་9055ཟིན་ཡོད། ཟླ་6པའི་ཟླ་མཇུག་བར། 5Gགཞི་ཚུགས་ཀྱི་བསྡོམས་འབོར་ཁྲི་455ཟིན་པ་དང་། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་11.18ཟིན་པ། སྤྱོད་མཁན་ཁྱབ་གདལ་གཏོང་ཚད་79%ལས་བརྒལ་ཡོད།
     ཀྲའོ་སྟོང་གི་དྲ་རྒྱའི་ཞབས་ཞུའི་ནུས་པ་ལྡན་པའི་མཐུད་སྣེ་ཁྲི་3022ཡོད་པ་དང་། ཀྲའོ་སྟོང་གི་དྲ་ཆེན་སྤྱོད་མཁན་དུང་ཕྱུར་2.26ཟིན་ཡོད་པ་རེད། སྡེ་ཁུལ་དང་། བཟོ་གྲྭ གླིང་ཁུལ་བཅས་168ཀྱི་ཀྲའོ་ཁྲིའི་འོད་དྲ་ཚོད་ལྟ་བཀོད་སྒྲིག་གི་ལས་དོན་བདེ་བླག་ངང་སྤེལ་ཡོད།
     བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་སིའི་སི་ཀྲང་ཞེ་ཚུན་གྱིས། གྲངས་འཛིན་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། སྒུལ་བདེ་སྤྱོད་མཁན་གྱི་དྲ་ཞུགས་བཞུར་ཚད་བསྟུད་མར་ཟླ་བ་དྲུག་རིང་གྲངས་གནས་གཉིས་འཕར་ཡོད། 5Gམཉམ་འདྲེས་ཉེར་སྤྱོད་དེ་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་97ཁྲོད་ཀྱི་86ནང་མཉམ་འདྲེས་བྱས་ཡོད། “5G+བཟོ་ལས་དྲ་སྦྲེལ”ཞེས་པའི་རྣམ་གྲངས་ཁྲི་1.85ལྷག་ཙམ་འཛུགས་སྐྲུན་བྱས་ཡོད་ཅེས་གསུངས་ཡོད།