ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དམག་གཟིགས་ནང་སྦྱོང་ཐེངས་དང་པོ་མཇུག་སྒྲིལ་བ།

སྤེལ་དུས 2025-08-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

  གསར་འགོད་པས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དྲན་གསོའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ8པའི་ཚེས9ཉིན་གྱི་མཚན་མོ་ནས་ཟླ8པའི་ཚེས10ཉིན་གྱི་ཐོ་རེངས་བར། པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཁུལ་དུ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དྲན་གསོའི་ཚོགས་ཆེན་གྱི་ཕྱོགས་བསྡུས་ནང་སྦྱོང་ཐེངས་དང་པོ་བྱས་པ་དང་། མི་ཁྲི2.2ཙམ་ནང་སྦྱོང་དང་ཡུལ་དངོས་ཀྱི་འགན་སྲུང་ལས་དོན་ནང་ཞུགས་ཡོད།
  ངོ་སྤྲོད་གནང་བ་ལྟར་ན། ཕྱོགས་བསྡུས་ནང་སྦྱོང་ཐེངས་དང་པོའི་ནང་དྲན་གསོའི་ཚོགས་ཆེན་གྱི་མཛད་སྒོ་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་།  དྲན་གསོའི་ཚོགས་ཆེན་གྱི་བརྒྱུད་རིམ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོ་ཁག་གི་ནང་ཁུལ་སྦྲེལ་མཐུད་ལ་གཙོ་གནད་ཐོག་བརྡར་བཅོས། ཕྱོགས་ཁག་གི་སྒྲིག་འཛུགས་འགན་ལེན་དང་བཀོད་འདོམས་ལས་དོན་ལེགས་སྒྲིག་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གྱིས། ནང་སྦྱོང་སྒྲིག་འཛུགས་གོ་རིམ་ལྡན་པ་བྱུང་ནས་སྔོན་དཔག་དམིགས་ཚད་ལ་སླེབས་ཡོད། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་ཕྱོགས་ཀྱིས་བཤད་རྒྱུར། ད་ཐེངས་ཀྱི་ནང་སྦྱོང་བྱེད་སྒོ་བདེ་བླག་ངང་ལེགས་གྲུབ་བྱུང་བས་རྒྱ་ཆེའི་གྲོང་མི་རྣམས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།