སྡེ་ཚན་ལྔ་ཡིས་སློབ་མའི་གཟུགས་གཞི་བདེ་ཐང་གི་འཆར་གཞི་ལག་ལེན་བསྟར་རྒྱུ་ཡིན་པ།
སྤེལ་དུས 2025-11-25
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཉེ་ཆར། སློབ་གསོ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། མི་སྤྱི་པུའུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་ལྔ་ཡིས་མཉམ་དུ《སློབ་མའི་གཟུགས་གཞི་བདེ་ཐང་གི་འཆར་གཞི་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
བསམ་འཆར་ནང་། ལུས་རྩལ་སློབ་ཁྲིད་སྒྱུར་བཅོས་ཟབ་གཏོང་དང་། སྦྱོང་བརྡར་འགྲན་བསྡུར་དང་ཤེས་ལྡན་པ་གསོ་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལུས་རྩལ་རྐང་འཛིན་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། ལུས་རྩལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ལེགས་སུ་གཏོང་བ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆ་རྐྱེན་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལུས་རྩལ་རིག་གནས་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་ཚུད་པའི་ཕྱོགས་བརྒྱད་ཐད་ཀྱི་གཙོ་གནད་ལས་འགན་བཏོན་ཡོད། 2027ལོར་སླེབས་སྐབས་འོས་འགན་སློབ་གསོའི་དུས་མཚམས་གཙོ་བོར་བྱེད་པའི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོ་སྤེལ་ཡུན་ཆུ་ཚོད་2ལས་ཉུང་མི་ཆོག་པའི་བླང་བྱ་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་པོས་དོན་འཁྱོལ་བྱས་ཏེ། སློབ་མཚམས་འབྲེལ་མཐུད་སློབ་གྲྭའི་ལུས་རྩལ་སློབ་ཁྲིད་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། མི་ཚང་མར་ཕྱོགས་པའི་སློབ་ཕྱིའི་ལུས་རྩལ་བྱེད་སྒོའི་འགྲན་བསྡུར་ཡོངས་ཁྱབ་སྤེལ་བ། གྲུབ་ཆ་སྔར་བས་ལུགས་མཐུན་གྱི་དགེ་རྒན་གྱི་དཔུང་ཁག་རགས་ཙམ་གྲུབ་པ། དགེ་སློབ་ཀྱི་དགོས་མཁོ་སྐོང་ཐུབ་པའི་སྒྲིག་ཆས་ཀྱི་ཆ་རྐྱེན་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།