ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2025ལོའི་འཛམ་གླིང་གི་ནགས་ཚལ་ཚོགས་ཆེན་འཚོགས་པ།

སྤེལ་དུས 2025-11-25 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་11ཚེས་22ཉིན། “ནགས་ཚལ་སྔོ་ལྗང་ལས་རིགས་ཐད་མཉམ་ལས་དམ་ཟབ་བྱེད། གྲངས་འཛིན་རིག་ནུས་ཀྱིས་མཐུན་རྐྱེན་སྦྱར་བའི་ནགས་ཚལ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་འཛམ་གླིང་གི་ནགས་ཚལ་ཚོགས་ཆེན་ཀོང་ཤིས་ནན་ཉིང་དུ་འཚོགས་ཤིང་། འགོ་ཚུགས་མཛད་སྒོར་གཙོ་གནད་ནགས་ལས་ཐོན་ལས་རྣམ་གྲངས་36ལ་མིང་རྟགས་བཀོད་པའི་དངུལ་འབོར་སྒོར་དུང་ཕྱུར་500ཟིན་ཡོད།
  ད་ཐེངས་ཀྱི་ཚོགས་ཆེན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་དང་ཀྲུང་གོ་ནགས་ལས་ཐོན་སྐྱེད་བཟོ་ལས་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནགས་ལས་ཅུས་དང་ནན་ཉིང་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་སྒྲུབ་གཉེར་བྱས་ཤིང་། ཚོགས་ཆེན་ཐོག་འགོ་ཚུགས་མཛད་སྒོ་དང་། ཆེད་དོན་བྱེད་སྒོ རྟོག་ཞིབ་སྤེལ་རེས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད།