ཟླ་11པར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་རྡོ་སོལ་ཏུན་དུང་ཕྱུར་1.84སྐྱེལ་འདྲེན་བྱས་པ།
སྤེལ་དུས 2025-12-08
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་11པར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་རྡོ་སོལ་ཏུན་དུང་ཕྱུར་1.84སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་0.3%འཕར་ཡོད། དེའི་ནང་གློག་སོལ་ཏུན་དུང་ཕྱུར་1.28སྐྱེལ་འདྲེན་བྱས་པ་དེ་མཐོ་ཚད་རྒྱུན་འཁྱོངས་ཐུབ་ཡོད། ལྕགས་ལམ་སྡེ་ཚན་གྱིས་དགུན་དུས་ཀྱི་རྡོ་སོལ་མཁོ་སྤྲོད་འགན་ལེན་དང་སྐྱེལ་འདྲེན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད། ཟླ་11པའི་ཟླ་མཇུག་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གློག་འདོན་བཟོ་གྲྭར་རྡོ་སོལ་ཏུན་ཁྲི་8823ཉར་ཚགས་ལ་ཐད་ཀར་མཁོ་འདོན་བྱེད་པར་ཉིན་35.8འགོར་བ་དེ་དུས་མཚུངས་ལས་ཉིན་1མང་དུ་ཕྱིན་ཡོད། དེའི་ནང་རྡོ་སོལ་ཉར་ཚགས་ཉིན་15མན་གྱི་གློག་འདོན་བཟོ་གྲྭར་འགུལ་རྣམ་གཙང་སེལ་མངོན་འགྱུར་ཐུབ་ཡོད།
རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཟོག་འདྲེན་པུའི་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ལམ་སྡེ་ཚན་གྱིས་ཏ་ཆིན་དང་། ཐང་པའོ། ཝ་རི། ཧའོ་ཅི་སོགས་བྱང་གི་རྡོ་སོལ་ལྷོ་ཕྱོགས་སུ་སྐྱེལ་འདྲེན་དང་ནུབ་ཀྱི་རྡོ་སོལ་ཤར་ཕྱོགས་སུ་སྐྱེལ་འདྲེན་བྱེད་པའི་ལྕགས་ལམ་གཙོ་བོ་སྤྱོད་གང་ཐུབ་བྱས་ཏེ་རྡོ་སོལ་ཐོན་ཁུལ་གཙོ་བོའི་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་བཏང་ཡོད།