ཟླ་11པར་གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་ 28.3སྐྱེལ་འདྲེན་བྱས་པ།
སྤེལ་དུས 2025-12-16
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
◆ཟླ་བཅུ་གཅིག་པར། འགྲུལ་པ་མི་ཐེངས་དུང་ཕྱུར་28.3སྐྱེལ་འདྲེན་བྱས་པ། འབབ་ཚུགས་སུ་འཛུལ་བའི་མི་ཐེངས་དུང་ཕྱུར་16.8ཟིན་གྱི་ཡོད།
◆ཟླ་བཅུ་གཅིག་པར། རྒྱལ་ཡོངས་ཀྱི་སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་59.2རིང་དུ་ཕྱིན་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་མི་ཐེངས་དུང་ཕྱུར་1.2འཕར་ནས་འཕར་ཚད་4.4%ཟིན་གྱི་ཡོད།
གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བཅུ་གཅིག་པར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་གྲོང་ཁྱེར་54རུ་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་334ཡོད་པ་དང་། སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་11389.7ཟིན་པ། མེ་འཁོར་དངོས་སུ་གཏོང་ཐེངས་ཁྲི་362ཟིན་པ། འགྲུལ་པ་མི་ཐེངས་དུང་ཕྱུར་28.3སྐྱེལ་འདྲེན་བྱས་པ། འབབ་ཚུགས་སུ་འཛུལ་བའི་མི་ཐེངས་དུང་ཕྱུར་16.8ཟིན་གྱི་ཡོད།
ཟླ་བཅུ་གཅིག་པར། རྒྱལ་ཡོངས་ཀྱི་སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་59.2རིང་དུ་ཕྱིན་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་མི་ཐེངས་དུང་ཕྱུར་1.2འཕར་ནས་འཕར་ཚད་4.4%ཟིན་གྱི་ཡོད། ཟླ་བཅུ་གཅིག་པར། རྒྱལ་ཡོངས་སྐྱེལ་འདྲེན་གྱི་ལམ་ཐག་བསྡོམས་འབོར་གྱིས་ཉིན་རེ་དང་སྤྱི་ལེ་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་0.832ཟིན་གྱི་ཡོད་པ་རེད།
དེའི་ནང་གྲོང་ཁྱེར་43དུ་ས་འོག་ལྕགས་ལམ་དང་ཐེག་ཆུང་མེ་འཁོར་གྱི་ལྕགས་ལམ་ལམ་ཐིག་275ཤར་གཏོང་བྱས་ཡོད་པ་དང་། གཉེར་སྐྱོང་ལམ་ཐག་སྤྱི་ལེ་9898.5ཟིན་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་27.3ཟིན་གྱི་ཡོད།