ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཉིན་མོ།

སྤེལ་དུས 2026-03-13 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། རྩོམ་པ་པོ།

            རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཉིན་མོ་ནི་ཅི་ཞིག་ཡིན།

           དེ་ནི་ལོ་རེའི་ཟླ3པའི་ཚེས15ཉིན་ལ་རྒྱལ་སྤྱིའི་འཛད་སྤྱོད་པའི་མནའ་འབྲེལ་རྩ་འཛུགས་ཀྱིས1983ལོར་གཏན་ལ་ཕབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་དུས་ཆེན་ཞིག་རེད། གཙོ་བོ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་དྲིལ་སྒྲོག་ཆེན་པོ་བྱས་པ་ལ་བརྟེན་ནས། འཛད་སྤྱོད་པའི་ཁེ་དབང་ལ་འཛམ་གླིང་གི་ཁྱབ་ཁོངས་ནས་མཐོང་ཆེན་འཐོབ་པ་དང་། རྒྱལ་ཁབ་དང་ས་གནས་ཁག་བར་དང་། འཛད་སྤྱོད་པའི་རྩ་འཛུགས་བར་གྱི་མཉམ་ལས་འབྲེལ་འདྲིས་ལ་སྐུལ་འདེད། རྒྱལ་སྤྱིའི་ཁྱབ་ཁོངས་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་ལེགས་པོ་བཅས་བྱ་ཆེད་རེད།

           རང་ཉིད་ལ་དབང་ཆ་གང་དག་ལྡན་ཞེ་ན།

           འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམསདངཐོན་རྫས་ཀྱི་རྒྱུ་སྤུས་བཅའ་ཁྲིམས》《དམངས་དོན་ཁྲིམས་གཞུང་གི་སྤྱི་འགྲོས་རྩ་སྲོལསོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་སྟེ། འཛད་སྤྱོད་པའི་ཐོན་རྫས་ཉོ་སྒྲུབ་བམ་ཡང་ན་ཞབས་ཞུ་དང་ལེན་བྱེད་སྐབས། བདེ་འཇགས་སྲུང་བའི་དབང་ཆ། གནས་ཚུལ་ཤེས་རྟོགས་ཀྱི་དབང་ཆ། རང་བདག་འདེམས་གསེས་ཀྱི་དབང་ཆ། འདྲ་མཉམ་ཉོ་ཚོང་གི་དབང་ཆ། སྐྱིན་ཚབ་གསབ་ལེན་གྱི་དབང་ཆ། རང་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཀྱི་དབང་ཆ། ཤེས་བྱ་ཉེར་ལེན་གྱི་དབང་ཆ། མི་གཤིས་ལ་རྒྱ་སྲུང་བའི་དབང་ཆ། ལྟ་རྟོག་དང་ཐེར་འདོན་གྱི་དབང་ཆ་བཅས་ལྡན།