ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་འཐུས་གྲོས་ཚོགས་ཐེངས་བཞི་པ་གྲོལ་བ།

སྤེལ་དུས 2026-03-16 ཡོང་ཁུངས། རྩོམ་པ་པོ།
  སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་གྲོལ་བ་དང་། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འཆར་འགོད་རྩ་གནད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སོགས་ལ་ཆོག་མཆན་སྤྲད་པ་དང་། འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་སོགས་ལ་གྲོས་འཆམ་བྱུང་བ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ། ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུར་ཞུགས་པ། ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ།
  སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ཁག་ཡིད་བཞིན་ལེགས་གྲུབ་བྱུང་རྗེས་ཚེས་12ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་ཡོད། ཚོགས་ཆེན་གྱིས་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འཆར་འགོད་རྩ་གནད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སོགས་ལ་ཆོག་མཆན་སྤྲད་ཡོད། ཚོགས་ཆེན་ཐོག་འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཤེར་ལས་དོན་གྱི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་70པ་དང་། ཨང་71པ། ཨང་72པ། ཨང་73པ་བཅས་ལ་མཚན་བཀོད་གནང་ཡོད།
  ཕྱི་དྲོའི་ཆུ་ཚོད་3པར་མཇུག་སྒྲིལ་ཚོགས་འདུ་འགོ་ཚུགས་ཡོད།
  མཇུག་སྒྲིལ་ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཞའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི་·ཀྲ་ཁེར། ལིའུ་ཆི་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་ཐོག་བཞུགས་ཡོད།
  ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།
  ཚོགས་འདུར་ཞུགས་དགོས་པའི་འཐུས་མི་2878ཡིན་པ་དང་། དངོས་སུ་ཞུགས་པའི་འཐུས་མི་2762ཡོད་པ། འཐུས་མི་116ཞུགས་ཐུབ་མེད་པ། ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
  ཀྲའོ་ལེ་ཅིས་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད།
  གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་བཞི་པའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང་། ཚོགས་འདུའི་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ། སྙན་ཞུའི་ནང་བཏོན་པའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་གི་དམིགས་འབེན་གཙོ་བོ་དང་། ལས་འགན་གལ་ཆེན་དང་2026ལོའི་ལས་དོན་བཀོད་སྒྲིག་བཅས་ལ་མོས་མཐུན་བྱས་པ། སྙན་ཞུ་འདིར་ཆོག་མཆན་སྤྲོད་རྒྱུའི་གཏན་འཁེལ་ཡོད་ཅེས་བསྟན་ཡོད།
  གྲོས་ཚོགས་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ཀྱི་གྲོས་ཆོད་ལ་བརྡས་ཐག་བཅད་པ་མ་ཟད་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྙན་ཞུར་མོས་མཐུན་བྱས་པ་དང་། འཆར་འགོད་ཀྱི་རྩ་གནད་དེར་ཆོག་མཆན་སྤྲོད་རྒྱུར་གཏན་འཁེལ་ཡོད་ཅེས་བསྟན་ཡོད། གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པར་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཧྲིལ་པོ་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཐུས་སྒོ་ཚང་ཞིང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་རྣམ་པ་གསར་པ་སྐྲུན་མགྱོགས་སུ་གཏོང་བ། བརྟན་པོའི་ངང་ཡར་རྒྱས་ཡོང་བའི་ལས་ཀའི་སྤྱིའི་རྩ་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ། བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་རྩ་བའི་འགན་ལེན་དུ་བརྩི་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་བ། མི་ཕྱོགས་ཡོངས་ནས་གོང་འཕེལ་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
  གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད་འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་ཡོད། འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་དེ་2026ལོའི་ཟླ་8ཚེས་15ཉིན་ནས་ལག་ལེན་བསྟར་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དེ་2026ལོའི་ཟླ་7ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་དེ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
  གྲོས་ཚོགས་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་བཞི་པའི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ལག་ལེན་བསྟར་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་པ་མ་ཟད་གྲོས་འཆམ་བྱུང་བ་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ལག་ལེན་བསྟར་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུ་དང་། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད་ལ་ཆོག་མཆན་སྤྲོད་རྒྱུར་གཏན་འཁེལ་ཡོད། བརྡས་ཐག་བཅད་པ་བརྒྱུད་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་བཞི་པའི་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུ་དང་། 2026ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲོད་རྒྱུར་གཏན་འཁེལ་ཡོད།
  གྲོས་ཚོས་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་པ་མ་ཟད་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང་། གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་བཏོན་པའི་སླད་ཕྱིན་ལོ་གཅིག་གི་ལས་འགན་ལ་མོས་མཐུན་བྱས་པ། སྙན་ཞུ་འདིར་ཆོག་མཆན་སྤྲོད་རྒྱུར་གཏན་འཁེལ་ཡོད་ཅེས་བསྟན་ཡོད།
  གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་བཞི་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྙན་ཞུ་འདི་གཉིས་ལ་ཆོག་མཆན་སྤྲོད་རྒྱུར་གཏན་འཁེལ་ཡོད།
  ཚོགས་འདུའི་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་བཅའ་ཁྲིམས་གཙང་བཤེར་ལས་དོན་གྱི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཡོད།
  དེ་རྗེས། ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་བ་རེད། ཁོང་གིས། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ཁག་ཡིད་བཞིན་ལེགས་གྲུབ་བྱུང་ཡོད། ཚོགས་འདུའི་ཐོག་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་ལྟར་ལས་དོན་ནན་ཏན་བསྒྲུབས་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གྲུབ་པ་བཅས་བྱུང་བས། དེ་ནི་སེམས་ཤུགས་གཅིག་སྒྲིལ་དང་། དམ་པ་དོན་གཉེར། མཐུན་སྒྲིལ་མདུན་སྐྱོད་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞེས་གསུངས་པ་རེད།
  ཀྲའོ་ལེ་ཅི་ཡིས། འཐུས་མི་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཕྲག་ཏུ་འཁུར་བ་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ། སྲིད་གཞུང་གི་ལས་དོན་སྙན་ཞུ་སོགས་སྙན་ཞུར་གྲོས་ཞིབ་དང་ཆོག་མཆན་སྤྲད་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་དང་ལོ་འཁོར་འཆར་གཞི། སྔོན་རྩིས་བཅས་ལ་ཞིབ་བཤེར་དང་ཆོག་མཆན་སྤྲད་པ། འབྱུང་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ། ཚོགས་འདུའི་གྲུབ་འབྲས་ཐོག་ནས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་བྱུང་བ་མཚོན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་དུ་སྐུལ་འདེད་གཏོང་བའི་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་མངོན་ཡོད་ཅེས་བསྟན་ཡོད།
  ཀྲའོ་ལེ་ཅི་ཡིས། ལོ་ལྔའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱ་རྒྱུ་ནི། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་བཟང་ཆ་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པར་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འཆར་འགོད་རྩ་གནད་ལག་བསྟར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
  ཀྲའོ་ལེ་ཅི་ཡིས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་རིང་གི་ཏང་ཀྲུང་དབྱང་གི་འཐབ་ཇུས་ངེས་གནས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། རྩ་དོན་གལ་ཆེན། དམིགས་འབེན་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཁོང་དུ་ཡང་དག་ཆུད་པ་བྱེད་པ། ཐེངས་འདིའི་ཚོགས་ཆེན་གྱི་བཀོད་སྒྲིག་ལྟར། ལས་དོན་ཁག་ཏན་ཏིག་དང་ནུས་ལྡན་ངང་ལེགས་པར་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་ལེགས་པར་སྒྲུབ་པ། འབད་བརྩོན་ཆེན་པོས་“ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འགོ་ཡག་པོ་འཛུགས་པ་བཅས་བྱས་ཏེ། རླབས་ཆེ་བའི་ཕུགས་འདུན་རེ་རེ་མཛེས་སྡུག་ལྡན་པའི་འཚོ་བ་དངོས་ལ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད།
  ཀྲའོ་ལེ་ཅི་ཡིས། ང་ཚོས་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་རྐང་ཚུགས་ཏེ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་མཐའ་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་པ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལག་བསྟར་ནན་ཏན་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བར་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལྷག་བསམ་རྣམ་དག་ངང་མི་དམངས་ཀྱི་ཁེ་ཕན་དང་འདོད་བློ་མཚོན་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བཅས་བྱས་ནས། རང་འཁྲིའི་ལས་གནས་ཐོག་བྱས་རྗེས་འཇོག་པ་དང་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
  མཇུག་ཏུ་ཀྲའོ་ལེ་ཅི་ཡིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ། “འདུ་ཤེས་བཞི་”སྔར་བས་ཆེ་རུ་གཏོང་བ་དང་། “བློ་སྤོབས་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བྱེད་པ་བཅས་བྱས་ཐོག བློ་གཅིག་སེམས་གཅིག་དང་། ཡར་རྒྱས་བརྩོན་ལེན། དམ་པ་དོན་གཉེར། མི་དམངས་ཀྱི་ཆེད་དུ་སྲིད་དོན་བྱས་རྗེས་བརྩོན་ལེན་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་བྱས་རྗེས་འཇོག་པ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་ཡོད།
  ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་མཁན་གྲས་སུ་ད་དུང་ཝང་དབྱི་དང་། དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ལི་ཧྥེང་། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མིན་ཨར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་སོགས་ཡོད་པ་རེད།
  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མི་དམངས་ཚོགས་པ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་ཚོགས་ཆེན་ལ་ཟུར་ཞུགས་བྱས་པའམ་ཟུར་ཉན་གནང་ཡོད།
  ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་མོས་ཚོགས་ཆེན་ལ་ཟུར་ཉན་གནང་ཡོད།
  ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་40ཡི་ཐོག ཀྲའོ་ལེ་ཅིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་བ་ཁྱབ་བསྒྲགས་གནང་ཞིང་། ཚོགས་ཆེན་ནི་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་ཡོད།