《སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》ཡོངས་བསྒྲགས་བྱས་པ།
སྤེལ་དུས 2026-03-17
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པ་ནི་སྤྱི་ཚོགས་ལས་དོན་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་དང་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་རེད། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད་ད་ལྟ་འབྲེལ་ཡོད་བསམ་འཆར་འདོན་རྒྱུ་ཡིན།
《སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》ཁྱོན་ཆ་ཤས་དྲུག་ལ་ཕྱེ་ཡོད་པ་སྟེ། གཅིག སྤྱིའི་བླང་བྱ། གཉིས། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་པ། གསུམ། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བཞི། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པའི་གདེང་འཇོག་ལམ་ལུགས་ལེགས་སུ་གཏོང་དགོས་པ། ལྔ། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པའི་སྐུལ་ལྕག་ལམ་སྲོལ་ལེགས་སུ་གཏོང་དགོས་པ། དྲུག སྒྲིག་འཛུགས་དང་ལག་བསྟར་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།