ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་ཁྱབ་གདལ་གཏོང་བའི་གོ་སྐབས་དང་བསྟུན་ནས། “ཁྲེང་ཏུའུ་ནས་ཉིང་ཁྲི་དང་འཕྲད་པའི”བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོ་ཁྲེང་ཏུའུ་རུ་སྤེལ་ཞིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་རིག་གནས་ཡུལ་སྐོར་གྱིIPགསར་པ“ཏ་ཏ་དང་ཐའོ་ཐའོ”ཞེས་པ་ངོམ་སྟོན་བྱས་པ་དང་། ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་བརྒྱུད་དེ་བྲག་ཡིབ་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་གྱི་མཚར་སྡུག་ཕྱོགས་ཡོངས་ནས་མངོན་ཏེ། ཁྲེང་ཏུའུ་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ཡོད།

བྱེད་སྒོའི་ཡུལ་དངོས།
བྱེད་སྒོའི་ཡུལ་དངོས་སུ་བྲག་ཡིབ་ཆུས་རིག་གནས་ཡུལ་སྐོར་འོས་སྦྱོར་པས་ས་ཁོངས་ཀྱི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་དང་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཁྱད་ལྡན་ལམ་ཐིག་ངོ་སྤྲོད་ཞིབ་མོ་བྱས་པ་དང་། མི་རིགས་རིག་གནས་འཁྲབ་འགྲེམས་དང་ཀོང་པོའི་བོད་ཀྱི་རྒྱན་གོས་འགྲེམས་སྟོན་བྱས་ནས། ཁྲེང་ཏུའུ་ཡི་གྲོང་མི་ཚོས་ཀོང་པོའི་བོད་ཀྱི་རིག་གནས་ཀྱི་ཉམས་འགྱུར་ཐམས་ཅད་ཐག་ཉེ་ནས་མྱོང་ཚོར་ཐུབ་པར་བྱས་ཡོད། ཡུལ་དངོས་སུ་ད་དུང་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་དང་མཉམ་འགུལ་ཉམས་ལེན་སོགས་ཀྱི་བྱེད་སྒོ་དུས་མཉམ་དུ་སྤེལ་ནས། ཁྱད་ལྡན་ཚོང་ཟོག་རིགས20ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པས། བྲག་ཡིབ་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

བྱེད་སྒོའི་ཡུལ་དངོས།

བྱེད་སྒོའི་ཡུལ་དངོས།

བྱེད་སྒོའི་ཡུལ་དངོས།
ཐེངས་འདིའི་འོས་སྦྱོར་བྱེད་སྒོའི་ཁྲོད་ཆེས་ཡིད་དུ་འོང་བའི་བྲག་ཡིབ་ཀྱི་རིག་གནས་ཡུལ་སྐོར་གྱིIPགཟུགས་བརྙན་ཏེ། “ཏ་ཏ་དང་ཐའོ་ཐའོ”གཙོར་བཟུང་ནས་དྲིལ་སྒྲོག་དང་ཁྱབ་གདལ་བཏང་ཞིང་། IPདེའི་གཟུགས་བརྙན་ནི་བལྟས་ན་སྙིང་དུ་སྡུག་ཅིང་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པ་དང་། ཕྱིའི་རྣམ་པའི་ཐད་ནས་གཞན་དང་ཁྱད་པར་ཆེན་པོ་ཡོད་པས། དེ་མ་ཐག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཅིང་། བྲག་ཡིབ་ཀྱི་རིག་གནས་ཡུལ་སྐོར་གྱི་སྣང་བརྙན་གྱིས་མང་ཚོགས་འབྲེལ་འདྲིས་ཟབ་མོ་བྱས་པས་ཁྲེང་ཏུའུ་ཡི་གྲོང་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
ཐེངས་འདིར་བྲག་ཡིབ་ཆུས་ཀྱིསIPགསར་པ་ཁྲེང་ཏུའུ་ལ་འགྲེམས་སྟོན་བྱས་ནས། IPཡིས་མཐུན་རྐྱེན་སྦྱོར་བ་དང་། རིག་གནས་ཀྱིས་ལས་སྟེགས་བསྐྲུན་པ། ཡུལ་སྐོར་གྱིས་གཙོ་འཁྲབ་བཅས་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་ཕྱིན་པར་མ་ཟད། ཁྲེང་ཏུའུ་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་རིག་གནས་ཡུལ་སྐོར་གྱི་བར་ཐག་ཀྱང་ཉེ་རུ་ཕྱིན་ནས། བྲག་ཡིབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔར་ལས་ཀྱང་རྒྱ་ཆེན་པོ་ཡོད་པའི་ཁྲོམ་རར་སྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

བྱེད་སྒོའི་ཡུལ་དངོས།
རྩོམ་སྒྲིག་པ། རིག་གྲོལ།