
ཟླ3པའི་ཚེས24ཉིན། བློ་མཐུན་པུའུ་ཧོ་སྐུ་འཁྲུངས་ནས་ལོ་འཁོར100ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་པུའུ་ཧོ་སྐུ་འཁྲུངས་ནས་ལོ་འཁོར100ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས24ཉིན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས།
བློ་མཐུན་པུའུ་ཧོ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཉམས་སད་ཡུན་རིང་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཕུལ་དུ་བྱུང་བའི་མི་རིགས་ལས་དོན་གྱི་འགོ་ཁྲིད་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བརྒྱད་པ་དང་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཡིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་པུའུ་ཧོ་ཡི་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོར་དྲན་གསོ་བྱས་ནས་ནན་གྱི་བསྟན་དོན། ཁོང་གི་དད་སེམས་བརྟན་ཞིང་ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་རང་གཤིས་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བླ་མེད་བརྩེ་སེམས། མི་རིགས་ཐུགས་སུ་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས། དམ་པ་དོན་གཉེར་གྱི་བྱ་བ་སྒྲུབ་སྟངས། སྤྱོད་གཙང་གཞུང་ཞེན་དང་དགའ་ཕྱོགས་ལྷད་མེད་ཀྱི་ཕུལ་བྱུང་སྤྱོད་ཚུལ་བཅས་ལ་སློབ་སྦྱོང་བྱས་ཏེ། ཀྲུང་གོའི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲེང་ཅན་པང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།
ཚོགས་འདུ་མ་འཚོགས་སྔོན་དུ་ཀྲའོ་ལེ་ཅི་ཡིས་བློ་མཐུན་པུའུ་ཧོ་ཡི་གཉེན་ཉེར་ཐུག་འཕྲད་གནང་།
རྩོམ་སྒྲིག་པ། རིག་གྲོལ།