ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པ་གཏན་འཁེལ་བྱས་འདུག

སྤེལ་དུས 2026-05-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

              ཟླ་5པའི་ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ལྷ་གྲུ་ཨང་ཉེར་གསུམ་པའི་མི་ཞུགས་འཕུར་སྐྱོད་ལས་འགན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཚོགས་པ་རེད། མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་བྱས་པ་བརྒྱུད་པེ་ཅིང་གི་དུས་ཚོད་ཟླ་5པའི་ཚེས་24ཉིན་གྱི་ཆུ་ཚོད་23དང་སྐར་མ་08ཀྱི་སྟེང་།  ལྷ་གྲུ་ཨང་ཉེར་གསུམ་པའི་མི་ཞུགས་འཕུར་གྲུ་འཕེན་གཏོང་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་ནི་འཇིག་རྟེན་འཕུར་སྐྱོད་ཀྱི་བཟོ་སྐྲུན་ཆེ་མོ་བ་ཀྲུའུ་དབྱང་ཀྲུའུ་དང་། འཇིག་རྟེན་འཕུར་སྐྱོད་ཁ་ལོ་བ་ཀྲང་ཀྲི་ཡོན། ཐེག་ཁུར་རིགས་གཅིག་མཁས་ཅན་ལི་ཅ་དབྱིང་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་ལས་གྲུབ་པ་དང་། ཀྲུའུ་དབྱང་ཀྲུའུ་ཡིས་བཀའ་བཀོད་དཔོན་གྱི་ལས་འགན་འཁུར་ཡོད། དེ་ནི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་ཁག་གསུམ་པ་དང་བཞི་པ་ལས་གྲུབ་པའི་ཚོ་ཆུང་ཐོག་མ་དེ་ཡིན་པ་དང་། ཚོ་ཆུང་ནང་གི་འཇིག་རྟེན་འཕུར་སྐྱོད་པ་གཅིག་གིས་དུས་ཡུན་ལོ་གཅིག་གི་འཕུར་སྐྱོད་ལས་འགན་བསྒྲུབ་རྒྱུ་ཡིན་པ་རེད། “ལྷ་ཡི་ཕོ་བྲང་”གིས་ཤང་ཀང་ནས་ཡོང་བའི་འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་དེ་བསུ་རྒྱུ་རེད།


              ཀྲུའུ་དབྱང་ཀྲུའུ་ནི་རང་རྒྱལ་གྱི་བཀའ་བཀོད་དཔོན་གྱི་འགན་འཁུར་མཁན་འཇིག་རྟེན་འཕུར་སྐྱོད་ཀྱི་བཟོ་སྐྲུན་ཆེ་མོ་བ་ཐོག་མ་དེ་ཡིན་ལ། རང་རྒྱལ་གྱི་བཀའ་བཀོད་དཔོན་གྱི་འགན་འཁུར་མཁན་འཇིག་རྟེན་འཕུར་སྐྱོད་པ་ཁག་གསུམ་པ་ཐོག་མ་དེའང་ཡིན། དེ་གོང་ལྷ་གྲུ་ཨང་བཅུ་དྲུག་པའི་མི་ཞུགས་འཕུར་སྐྱོད་ཀྱི་འགན་འཁུར་མྱོང་ཡོད། ཀྲང་ཀྲི་ཡོན་ནི་འཇིག་རྟེན་འཕུར་སྐྱོད་པ་ཁག་གསུམ་པ་ཡིན་པ་དང་། ལི་ཅ་དབྱིང་ནི་རང་རྒྱལ་གྱི་འཕུར་སྐྱོད་ལས་འགན་སྒྲུབ་མཁན་ཁག་བཞི་པའི་འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་དེ་ཡིན་ལ་ལས་གྲྭ་དེས་ཤང་ཀང་དང་ཨའོ་མོན་ས་ཁུལ་ལ་ཕྱོགས་ནས་བདམས་པའི་རང་རྒྱལ་གྱི་བུད་མེད་ཐེག་ཁུར་རིགས་གཅིག་མཁས་ཅན་ཐོག་མ་དེའང་ཡིན་པ་དང་ཁོང་གཉིས་ནས་འཕུར་སྐྱོད་ཀྱི་ལས་འགན་ཐོག་མ་དེ་བསྒྲུབ་རྒྱུ་ཡིན་པ་རེད།

              ཚེས་23ཉིན།  འཇིག་རྟེན་འཕུར་སྐྱོད་པ་གསུམ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་ཝུན་ཐེན་ཀོ་རུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཐུན་མོང་ཐོག་ཐུག་འཕྲད་གནང་རྒྱུ་ཡིན་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།