ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

གཟིགས་དང་། ནད་ཡམས་སྔོན་འགོག་གི་འཆར་འགོད་གསར་པ།

སྤེལ་དུས 2026-07-29 ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་རླུང་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

            ཉེ་ཆར་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག་ནད་གཞི་སྔོན་འགོག་དང་ཚོད་འཛིན་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཅེས་པ་པར་འགྲེམས་བྱས་པ་རེད། དེའི་ལྟེ་བའི་དམིགས་ཚད་ནི། 2030ལོར་སླེབས་སྐབས། གཞི་རྩའི་ཆ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་ཏེ། ཕྱོགས་མང་མྱུར་ཚོར་གྱི་ལྟ་ཞིབ་དང་ཉེན་བརྡ་གཏོང་བ། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། གསར་ཐོན་དང་ཐོལ་བྱུང་གི་འགོ་ནད་དམ་འགོ་ནད་ཚབས་ཆེན་གྱི་གནོད་འཚེ་ནུས་ལྡན་ངང་བཀག་འགོག་བྱ་རྒྱུ་དེ་རེད།

            《འཆར་འགོད་ཀྱི་སྙིང་བཅུད་ནི་གཤམ་གསལ་གྱི་ལྟེ་བའི་ཐབས་ཇུས་ཆེན་པོ་བཞིར་དམིགས་ཡོད་པ་སྟེ།

            1. གཙོ་གནད་ལ་དམིགས་པ་དང་ནད་མང་མཉམ་འགོག་བྱེད་པ། འགོ་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཤིང་། དབུགས་ལམ་གྱི་འགོ་ནད་དང་། འབུ་སྨྱན་གྱི་འགོ་ནད། ཁྲག་དང་མཚན་སྤྱོད་ལས་བརྒྱུད་པའི་འགོ་ནད། མི་ཕྱུགས་གཉིས་ཀར་ཕོག་པའི་འགོ་ནད། རིམས་འགོག་སྨན་ཁབ་ཀྱིས་སྔོན་འགོག་ཐུབ་པའི་ནད་གཞི། དེ་བཞིན་ནད་གཞི་གཞན་དག་སྔོན་འགོག་ཚོད་འཛིན་བཅས་ཀྱི་ལས་འགན་ཆེ་གྲས་6ཁ་གསལ་བཀོད་སྒྲིག་བྱས་ཡོད།

            2. “ནད་ཡམས་སྔོན་འགོག་ཚོད་འཛིན་ཆེན་པོའི་”འདུ་ཤེས་འཛིན་པ་དང་ཉེན་ཁར་དོགས་ཟོན་བྱེད་པ། སྡེ་ཚན་དབར་མཐུན་སྦྱོར་དང་སྤྱི་ཚོགས་མཉམ་བཅོས་ལ་སྐུལ་འདེད་བཏང་སྟེ། མཉམ་འགོག་མཉམ་འཛིན་གྱི་རྒྱུན་གཏན་དང་འཕྲལ་སྡོམ་བར་གྱི་བརྗེ་སྒྱུར་ལམ་སྲོལ་རྒྱུན་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། གསར་ཐོན་དང་ཐོལ་བྱུང་གི་འགོ་ནད་སྔ་ཙམ་ཤེས་རྟོགས་དང་གནད་སྨིན་སྔོན་འགོག་ཚོད་འཛིན་བྱེད་པའི་གྲ་སྒྲིག་སྔ་ཚོད་ནས་གང་ལེགས་བྱེད་པ།

            3. འགོག་སྲུང་འགག་སྒོ་མདུན་སྤོས་དང་ཀུན་ཕན་རིམས་འགོག་བྱེད་པ། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་འགུལ་རྣམ་ངང་ལེགས་སུ་གཏོང་བ་དང་། ལོ་ན་དར་མ་དང་རྒན་རྒོན། བུད་མེད་སོགས་གཙོ་གནད་མི་ཚོགས་ལ་མ་གནས་ཆུང་ལ་ཕན་འབྲས་ཆེ་བའི་རིམས་འགོག་སྨན་ཁབ་རྒྱག་རྒྱ་ཆེ་རུ་གཏོང་བ། གློག་རྡུལ་སྔོན་འགོག་སྨན་ཁབ་ལག་ཁྱེར་ས་ཁོངས་བརྒལ་ནས་མཉམ་སྤྱོད་བྱ་རྒྱུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་རིམས་འགོག་སྲུང་ཡོལ་བརྟན་པོ་འཛུགས་པ།

            4. ཕྱོགས་བསྡུས་བཅོས་སྐྱོང་དང་ཕན་ནུས་ཆེ་རུ་གཏོང་བ། “ཡོངས་རྫོགས་བདེ་ཐང་”གི་འདུ་ཤེས་ཁྱབ་སྤེལ་དང་། མི་དང་དངོས་པོ། ཁོར་ཡུག་བཅས་མཉམ་དུ་སྔོན་འགོག་བྱ་རྒྱུ་དོན་འཁྱོལ་བྱེད་པ། ཐོན་ཁུངས་སྡེབ་སྒྲིག་ནུས་ལྡན་བྱས་ཏེ། མ་གནས་ཆུང་ཤོས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་ཆེ་ཤོས་ཐོབ་པར་བྱེད་པ་བཅས་རེད།

རྩོམ་སྒྲིག་པ། རིག་གྲོལ།