ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ནག་ཚོཌ་དང་ངན་ཚོཌ་ཀྱི་ཉེས་གསོག་ལ་མུ་མཐུད་རྡུང་རྡེག་ནན་པོ་གཏོང་བ།

སྤེལ་དུས 2026-08-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

              ཉེ་དུས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ནས་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཤིང་། ནག་ཚོགས་དང་ངན་ཚོགས་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱ་དགོས་པ་དང་། གཙོ་གནད་ཐོག་རྡུང་རྡེག་གཏོང་ཡུལ་ཁ་གསལ་བཟོ་བ་དང་། གནད་འགག་གྱོད་གཞིར་འགག་གཏོར་བྱེད་པ། ཁོང་ཚོ་ཆགས་ས་རྟེན་ས་མེད་པར་བཟོ་བ། ཟིལ་གྱིས་གནོན་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་བསམ་བློར་བརྟེན་ནས་གྱོད་གཞི་ཐག་གཅོད་བྱེད་པ། ནག་ཚོགས་དང་ངན་ཚོགས་ཡིན་ན་གཅིག་ཀྱང་མ་ལུས་པར་མེད་པ་བཟོ་བ་དང་། ནག་ཚོགས་དང་ངན་ཚོགས་མིན་ན་དེའི་ནང་རང་དགར་མི་འཇུག་པ་དོན་འཁྱོལ་བྱས་ནས། གྱོད་དོན་ཁག་གིས་ཁྲིམས་ལུགས་དང་ལོ་རྒྱུས། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པ་བྱེད་པ། ནག་སེལ་ངན་འཇོམས་དང་འགེབ་སྲུང་བྱེད་མཁན་དང་ཁོར་ཡུག་ངན་པ་གཏོར་རྒྱུར་གཞི་གཅིག་ཅན་གྱི་ཐོག་ནས་སྐུལ་འདེད་གཏོང་བ། སྔ་ཙམ་ནས་གཏོར་བ་དང་ཆུང་ས་ནས་གཏོར་བ། རྡུང་རྡེག་གཏོང་རྒྱུ་གནད་ལ་འཕིགས་པོ་དང་ནན་པོ་ཡོང་བར་བྱེད་པ། ཁྲིམས་བསྟར་ཁྲིམས་འཛིན་གྱི་གཞུང་དྲང་ལ་སྲུང་སྐྱོབ་བྱ་དགོས་པ། གྱོད་གཞི་བྱེ་བྲག་ཐག་གཅོད་དང་རིགས་འདྲའི་གྱོད་གཞིར་དབྱེ་ཞིབ་བྱེད་པ་དང་། ནག་ཚོགས་དང་ངན་ཚོགས་ཀྱི་རྒྱབ་ཏུ་གནས་པའི་ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་དང་བཅོས་སྒྲིག་གི་སྟོང་ཆ་རྩད་བཤེར་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་ས་ཁུལ། མི་སྣ་བཅས་ལ་དོགས་ཟོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས། ནག་ཚོགས་དང་ངན་ཚོགས་ཐོན་པའི་ཆ་རྐྱེན་མེད་པར་བཟོ་དགོས་པ། འབྲེལ་ཡོད་སྡེ་ཁག་གིས་རོགས་ལས་བྱས་ནས་བཅའ་ཁྲིམས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་བཅའ་ཁྲིམས་ཉེར་སྤྱོད་གཅིག་གྱུར་བཟོས་ནས། རྡུང་རྡེག་གནད་ལ་འཁེལ་པོ་དང་། རྡུང་རྡེག་ཕན་གོ་ཆོད་པོ། རྡུང་རྡེག་ནན་པོ་བཅས་ཡོང་བར་བྱ་དགོས་པ། མང་ཚོགས་ནས་འཁོན་འཛིན་ཆེན་པོ་བྱེད་པའི་ནག་ཚོགས་དང་ངན་ཚོགས་ཀྱི་ཉེས་གསོག་ལ་དམིགས་ནས། སྲོལ་རྒྱུན་གྱི་ནག་ཚོགས་དང་ངན་ཚོགས་སྟོབས་ཤུགས་ལ་རྡུང་རྡེག་ནན་པོ་གཏོང་བ་དང་ཆབས་ཅིག དྲ་སྦྲེལ་སྟེགས་བུ་སྤྱོད་པ་དང་འཇམ་ཐབས་གཏུམ་སྤྱོད་སྤེལ་མཁན་གྱི་སྒྲིག་འཛུགས་ཡོད་པའི་ནག་ཚོགས་དང་ངན་ཚོགས་ཀྱི་ཉེས་གསོག་གཙོ་གནད་དུ་བཞག་ནས་ཆད་པ་གཅོད་པ། དོན་དངོས་དང་། དཔང་རྟགས། གོ་རིམ། བཅའ་ཁྲིམས་ཉེར་སྤྱོད་བཅས་ཀྱི་འགག་སྒོ་དམ་སྲུང་བྱས་ནས། ནག་ཚོགས་དང་ངན་ཚོགས་ཀྱི་གྱོད་གཞི་སྤུས་ཚད་ལེགས་པོ་དང་ལས་ཕྱོད་མཐོ་པོའི་ངང་ཐག་གཅོད་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་འདུག


རྩོམ་སྒྲིག་པ། རིག་གྲོལ།