2026ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་མི་མེད་ཚན་རྩལ་གྲུབ་འབྲས་ངོ་མཚར་ཆེ་བ།
སྤེལ་དུས 2026-09-23
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཟླ་9ཚེས་21ཉིན། 2026ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་ཐོག་ལྟད་མོ་བས་ཁ་ལོ་བ་མེད་པའི་རིག་ནུས་དབོར་འདྲེན་རླངས་འཁོར་ཞིག་ལ་ལྟད་མོ་ལྟ་བཞིན་ཡོད། མི་མེད་གནམ་གྲུ་དང་། མི་མེད་རླངས་འཁོར། མི་མེད་གྲུ་གཟིངས་ལ་སོགས། 2026ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་འཚོག་ཡུལ་དུ་མི་མེད་ཚན་རྩལ་གྲུབ་འབྲས་སྣ་ཚོགས་འགྲེམས་སྟོན་བྱས་པར་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཡོད། དེ་དང་ཆབས་ཅིག 2026ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་ཆེད་དོན་བྱེད་སྒོའི་གྲས་ཤིག་ཡིན་པའི་ངོས་ནས། 2026ལོའི་བར་མཐོངས་ཧྲིལ་པོའི་མི་མེད་མ་ལག་གི་སྐྱེ་ཁམས་ཚོགས་ཆེན་དང་སྒྲིག་ཆས་གྲུབ་འབྲས་འགྲེམས་སྟོན་ཧོ་ཧྥེ་ལུའོ་སྒང་སྤྱི་གླིང་དུ་གཉེར་བ་དང་། དེར་བར་མཐོངས་ཧྲིལ་པོའི་མི་མེད་མ་ལག་གི་ལག་རྩལ་གསར་ཤོས་དང་། ཐོན་རྫས། རྣམ་པ་བཅས་ཀྱི་ཐག་གཅོད་ཇུས་གཞི་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་བཏང་ཡོད།