ཉེ་ཆར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་ཉེར་གསུམ་པའི་མཐོ་རིམ་ཡོན་གནས་ཀྱི་དགེ་ལུགས་པའི་འཛིན་གྲྭ་དང་། བཀའ་བརྒྱུད་པའི་འཛིན་གྲྭ རྙིང་མ་བའི་འཛིན་གྲྭ་བཅས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དགའ་ལྡན་དོན་འགྲུབ་གླིང་དགོན་དང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་དགོན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ཀཿ ཐོག་དགོན་བཅས་སུ་བསྐྱོད་དེ་ཐུན་མོང་རྟགས་གསལ་གཏོང་བའི་དངོས་སྦྱོང་བྱས།

ཟླ10པའི་ཚེས12ཉིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་ཉེར་གསུམ་པའི་མཐོ་རིམ་ཡོན་གནས་འཛིན་གྲྭས་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དགའ་ལྡན་དོན་འགྲུབ་གླིང་དགོན་དུ་ཐུན་མོང་རྟགས་གསལ་གཏོང་བའི་དངོས་སྦྱོང་བྱེད་བཞིན་པ།
ཐུན་མོང་རྟགས་གསལ་གཏོང་བ་ནི་མཐོ་རམས་པའི་མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་ཁྲིད་ཀྱི་འགག་རྩ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྟགས་གསལ་གཏོང་བ་བརྒྱུད་སློབ་ཁྲིད་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ་དང་། སློབ་མ་ཚོས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཤེས་བྱའི་བརྒྱུད་རིམ་ཁོང་དུ་ཆུད་ཚད་ལ་ཞིབ་བཤེར་བྱེད་པ། བསམ་གཞིག་དང་བསྟན་དོན་འཆད་འགྲེལ་གྱི་ནུས་པ་མངོན་གསལ་དོད་དུ་གཏོང་བ། མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་མའི་ཆེད་ལས་བྱང་ཚད་མངོན་པ་བཅས་བྱས་ཏེ། རིམ་གསུམ་ཡོན་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་རེད།

ཟླ10པའི་ཚེས12ཉིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་ཉེར་གསུམ་པའི་མཐོ་རིམ་ཡོན་གནས་འཛིན་གྲྭས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཡངས་པ་ཅན་དགོན་དུ་ཐུན་མོང་ཐོག་རྟགས་གསལ་གཏོང་བའི་དངོས་སྦྱོང་བྱེད་བཞིན་པ།
སློབ་མ40ཡིས་དུས་ཡུན་ཉིན་གསུམ་གྱི་རིང་ལ་ཐུན་མོང་རྟགས་གསལ་གཏོང་བའི་དངོས་སྦྱོང་བྱེད་སྐབས་སུ། “གཞུང་ཆེན་བཀའ་པོད་ལྔ”ཡི་གནད་དག་ལ་དམིགས་ནས་རྟགས་གསལ་གཏོང་རེས་བྱས་པ་དང་། དངོས་སྦྱོང་དགོན་སྡེའི་ཆོས་ལུགས་ཀྱི་མཁྱེན་རྒྱ་ཡངས་པའི་དགེ་འདུན་པ་དང་མཉམ་དུ་རྟགས་གསལ་ཐེངས་མང་བཏང་བ་རེད། སློབ་མ་ཚོས“ཕྱིར་སྐྱོད་པ”བརྒྱུད། བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་ཡོན་གནས་ལམ་ལུགས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པ་དང་། མཐོ་རིམ་ཡོན་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་བའི་ཕུལ་བྱུང་དགེ་འདུན་པ་དེ་བས་མང་བ་མཐོ་རིམ་ཡོན་གནས་ལ་ཞུགས་རྒྱུའི་འདུན་པ་སྐྱེས་སུ་བཅུག་ཡོད།

ཟླ10པའི་ཚེས12ཉིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་ཉེར་གསུམ་པའི་མཐོ་རིམ་ཡོན་གནས་འཛིན་གྲྭས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཀཿ ཐོག་དགོན་དུ་ཐུན་མོང་རྟགས་གསལ་གཏོང་བའི་དངོས་སྦྱོང་བྱེད་བཞིན་པ།
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་འཛིན་གྲྭས་ཐུན་མོང་རྟགས་གསལ་གཏོང་བའི་དངོས་སྦྱོང་ལོ་ངོ་བཅུ་ལྷག་ལ་བྱས་པ་དང་། གྲུབ་མཐའ་ཁག་གི་དཔེ་སྦྱོང་མ་ལག་འཐུས་སྒོ་ཚང་བ་དང་ཤུགས་རྐྱེན་ཆེ་བའི་དགོན་སྡེ32ལ་དངོས་སྦྱོང་བྱས་པར། འབྲེལ་ཡོད་ཕྱོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
རྩོམ་སྒྲིག་པ། རིག་གྲོལ།