ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཏང་ཡོན་ལས་བྱེད་པ་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྦྱོང་བ།

སྤེལ་དུས 2026-11-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། དེའི་ཐོག་ནས་རང་རེའི་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རིག་པ་ཆེས་དྭངས་གསལ་དང་བློ་སྟོབས་བརྟན་པོ་གང་ལེགས་མཚོན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མངོན་ཡོད་ཅིང་། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད། ཉིན་ཤས་བསྟུད་མར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པའི་ཁྲོད་མདུན་དུ་བསྐྱོད་པ་དང་མིག་དཔེ་བསྟན་ཏེ། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་ཕུལ་དུ་བྱུང་བའི་རྒྱུགས་ལན་འདེབས་རྒྱུ་ཡིན་ཞེས་བརྗོད་ཡོད།
             ཚང་འཛོམས་གྲོས་ཚོགས་ཀྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས། ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་དང་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།
             ཀྲུང་དབྱང་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་ཅུས་ཀྱི་ཅུས་ཀྲང་ཁྲེན་ཆི་ཆིང་གིས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རླབས་ཆེའི་གྲུབ་འབྲས་ཐོབ་པ་དང་རྩ་ཆེའི་ཉམས་མྱོང་བསགས་ཐུབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་སྟོན་སྣེ་ཁྲིད་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་ཁྲིད་གནང་བར་ཐུག་ཡོད། ང་ཚོས“གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་ལྷག་པའི་སྒོ་ནས་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཏན་ཏིག་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཐོག བྱ་སྤྱོད་དངོས་ལ་བརྟེན་ནས་སྔར་ལས་སྲ་ཞིང་བརྟན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྱོང་བྱེད་པར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད་འདུག
             ཕྱི་འབྲེལ་པུའི་མཐའ་མཚམས་དང་རྒྱ་མཚོའི་བྱ་དོན་སིའི་སི་ཀྲང་ཧོའུ་ཡན་ཆི་ཡིས། འཛམ་གླིང་ཐོག་ཀྲུང་གོ་གུང་ཁྲན་ཏང་ལྟར་རང་ངོས་འཛུགས་སྐྱོང་ལ་ལྟ་སྟངས་གཟབ་ནན་དང་ནན་ཏན་འཛིན་པ་དང་། ཚད་མཐོའི་རང་རྟོགས་སྒོ་ནས་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་མ་ལག་ཅན་གྱི་བྱེད་ཐབས་ཐོག་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཐུབ་པའི་སྲིད་ཏང་གཅིག་ཀྱང་མེད། དེ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་བཟང་ཆ་ཞིག་ཡིན་ལ་དུས་རབས་ལ་སྣེ་ཁྲིད་བྱེད་པའི་རྒྱལ་ཁ་ལེན་ཐུབ་པའི་ཐབས་ལམ་ཞིག་ཀྱང་ཡིན། ང་ཚོས་ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཕྱི་འབྲེལ་འཐབ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“ཀྲུང་གོའི་བཅོས་སྐྱོང་བྱེད་སྟངས”དང“ཀྲུང་གོ་གུང་ཁྲན་ཏང་གི་བཅོས་སྐྱོང་བྱེད་སྟངས”ཐད་ཤེས་རྟོགས་སྔར་ལས་ལྷག་པ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
             རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཐད་གཏོགས་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་གཏན་ལས་ཀའི་འགན་འཁུར་མཁན་ཧྲུའུ་ཅི་གཞོན་པ་ཙེང་ཁྲེང་ཐང་གིས། དུས་རབས་གསར་པར་སླེབས་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མྱོང་མེད་པའི་ཤུགས་ཚད་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཏང་བས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་སྟེ། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན། དེ་ཙམ་གྱིས་རང་ངོས་རྒྱ་སྟོབས་ཆེ་རུ་གཏོང་དགོས། མདུན་ལམ་ཇི་ཙམ་འོད་སྟོང་ལྡན་ན། དེ་ཙམ་གྱིས་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱ་དགོས། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་དེ་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་བ་བྱེད་པ་དང་། སྲོལ་བཟང་སྤྱོད་བཟང་གི་ལས་རིགས་ཀྱི་གནས་སྟངས་ལ་བརྟེན་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་དང་བདེ་ཐང་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པ་དང་། དུས་བཀག་ལྟར་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་གི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
             ཆུ་བེད་པུའི་གཙང་པོ་དང་མཚེའུ་དོ་དམ་སིའི་སི་ཀྲང་ལི་ཁྲུན་མིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ངེས་པར་དུ“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཀྱི་རུ་སྟར་དང་པོ་དེ་ཡག་པོ་བསྐྱོད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས། སློབ་སྦྱོང་གི་ཕན་འབྲས་དེ་འགན་འཁྲི་འཁུར་བ་དང་ལས་འགན་སྒྲུབ་པའི་བྱ་སྤྱོད་དངོས་ལ་སྒྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཚང་འཛོམས་གྲོས་ཚོགས་ཀྱིས་གུང་ཁྲན་ཏང་མིའི་ཏང་གཤིས་ཆེ་རུ་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་པོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་ལ་བླང་བྱ་གསལ་པོ་བཏོན་ཡོད། ཚང་མས། ངེས་པར་དུ་རུ་སྟར་དང་པོ་དེ་ཡག་པོ་བསྐྱོད་ནས། སྣེ་ཁྲིད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆད་ལུས་མེད་པར་དོན་འཁྱོལ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
             རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཞིའུ་ཝུའུ་ཡིས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། ཏང་གིས་འཕེལ་རྒྱས་བསྒྱུར་བཅོས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་དང་། ཏང་གཤིས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་སྟོབས་དང་ལྡན་པའི་གཞི་རིམ་ཏང་རྩ་འཛུགས་གཏོད་པ། སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་གཏོང་བྱ་རྒྱུར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ་རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་ཡོང་བ་བཅས་ཀྱི་ཐོག་ནས། སྤུས་མཐོའི་ཏང་འཛུགས་ལ་བརྟེན་ནས་གོང་འཕེལ་དང་བསྒྱུར་བཅོས་ལས་དོན་སྤུས་མཐོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
             རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ཏང་འཛུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏིང་ཧྲའོ་ཀྲུང་གིས་ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམིགས་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་སྤྱི་འདོམས་དོན་འཁྱོལ་ཡག་པོ་བྱེད་པ། གཞུང་ཁོངས་ཁེ་ལས་ཏང་ཨུད(ཏང་ཙུའུ)ཀྱིས་ཁ་ཕྱོགས་འཛིན་པ་དང་། ཁྱོན་ཡོངས་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་། ཐོན་ལས་ཚོད་འཛིན། བདེ་འཇགས་འདེགས་སྐྱོར་བཅས་ཀྱི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པའི་སྒོ་ནས་བསྒྲུབ་རྒྱུར་སྣེ་ཁྲིད་དང་འགན་སྲུང་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
             ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་མཛུབ་ཁྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ། ལས་ཁུངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པན་ཀྲུང་མིན་གྱིས་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས“ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུ”ཡི་བརྗོད་དོན་གཙོ་བོའི་གཙོ་ཐིག་ཁོང་དུ་ཆུད་པར་བྱེད་པ། སྲིད་ཁྲིམས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་པོ་བྱ་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁུར་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་དམག་ཧྲག་ཅིག་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།
             ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཧྥེས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་། འདུ་ཤེས། བྱ་སྤྱོད་བཅས་གཅིག་གྱུར་ཏན་ཏིག་ཡོང་བ་བཅས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།
             ཚང་མས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་ངེས་པར་དུ་མིག་དཔེ་བསྟན་ཏེ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཆབ་སྲིད་ལྟ་སྐུལ་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་འབད་པས་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།
             ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རེན་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཧོ་ཧྲུའུ་ཧུང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་གལ་ཆེན་འཁུར་ཡོད། ང་ཚོས་སྤྱོད་ཚུལ་དམ་འཛིན་ནས་འགོ་བཙུགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་བེད་སྤྱོད་གཏིང་ཟབ་དང་། སྒྲིག་ཁྲིམས་ནན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། སྙིང་རུས་གཏན་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བཅས་བྱས་ཏེ། སྤྱོད་ཚུལ་ངན་པ་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱ་རྒྱུ་དམ་འཛིན་བྱེད་པ། ཞིབ་བཤེར་བཅོས་སྐྱོང་གཞི་གཅིག་དང་ཡོ་བསྲང་མཉམ་སྤེལ་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དར་སྲོལ་བཟང་པོ་འཛུགས་པ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་བརྩི་སྲུང་ཁྲོད་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
             ཀྲུང་དབྱང་རྩ་འཛུགས་པུའུ་ལས་བྱེད་ལྟ་སྐུལ་ཅུས་ཀྱི་ཅུས་རིམ་པ་རྒན་པའི་སྐོར་ཞིབ་ཀྲོན་ཡོན་དང་པུའུ་ཡི་སྐོར་ཞིབ་ལས་དོན་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཁྲེན་ཧུང་གིས་རྩ་འཛུགས་སྡེ་ཚན་གྱི་ལས་བྱེད་ལྟ་སྐུལ་ལས་དོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གལ་ཆེན་འཁུར་ཡོད། ང་ཚོས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལ་བརྩི་སྲུང་ཞུ་བ། ནན་པོའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལྟ་སྐུལ་ཨང་དང་པོར་འཇོག་པ། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། མི་འདེམས་སྤྱོད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་པོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གཏོད་དགོས་ཞེས་བརྗོད་ཡོད།
             ཚན་རྩལ་པུའི་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལེའོ་ཅན་ཧྭ་ཡིས། ང་ཚོས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་ཕྱོགས་སུ་འབད་པས་སྐྱོད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཚན་རྩལ་བྱ་དོན་གལ་ཆེན་གྱི་ཐབས་ཇུས་དང་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་སོགས་ཐད་ཀྱི་ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས། ཚན་རྩལ་ཁྱབ་ཁོངས་ཀྱི་རིག་གཞུང་གནས་སྟངས་དང་ཚན་ཞིབ་ཁོར་ཡུག་རྒྱུན་མཐུད་ངང་གཙང་སེལ་བྱེད་དགོས། ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་བསྐྲུན་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྔར་བས་ནུས་ལྡན་གྱི་ཚན་རྩལ་གྱི་འདེགས་སྐྱོར་བྱེད་པ་དང་། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།